Catalog entry rKTs-B4025
ལེའུ་བཅུ་པ་མཐར་ཕྱིན་འབྲས་བུ་སྒྲུབ་པའི་རིམ་པ་བཀའ་རྒྱ་དང་བཅས་པ
le'u bcu pa mthar phyin 'bras bu sgrub pa'i rim pa bka' rgya dang bcas pa




Bkt65.11

ལེའུ་བཅུ་པ་མཐར་ཕྱིན་འབྲས་བུ་སྒྲུབ་པའི་རིམ་པ་བཀའ་རྒྱ་དང་བཅས་པ
le'u bcu pa mthar phyin 'bras bu sgrub pa'i rim pa bka' rgya dang bcas pa


Location
set MW30498: volume mkha' 'gro gsang gcod - folios 1a1-15a7

Colophon
ཅེས་སྨྲས་པ་ལས་གྲོགས་མཆེད་གཉིས་ཀྱི་(ཀྱིས།)གླང་ཟླ་བ་དགུ་བའི་ནང་དུ་རིམ་(རི)་འགྲིམ་ལ་འགྲོ་ཞེས་བསྐུལ་ནས། བདག་སོགས་སོང་བའི་སྐབས་སུ་ལེན་བདེ་རང་གཞུང་དང་མ་འགལ་བ། གཞན་གྱི་དཔེ་ཀབ་མང་མི་དགོས་པར། ཁ་གསལ་གོ་བདེ་ཞིག་ཁྱོད་ཀྱིས་མཛད་ཟེར་བར་ནན་ཏན་བྱས་པའི་ཚེ། རྨི་ལམ་སོགས་ལེགས་པ་འདྲ་བ་ལ་བརྟེན་ནས། འདི་དག་བསྒྲིགས་པར་ཆེད་བྱས་ནས། དེ་ནས་བརྩོན་འགྲུས་དང་བཅས་ཏེ། བླ་མ་དང་གྲོགས་མཆེད་ཀྱི་ཕྱག་ལེན་ལ་གཞི་བྱས། གཞུང་དང་ལག་ལེན་རྣམས་གཙོ་རུ་བཏོན། ཁྱད་པར་དུའང་བླ་མ་གོང་མའི་སྤྲུལ་སྐུ་ནམ་མཁའ་བསྟནའཛིན་གྱི་ཕྱག་དཔེ་ལ་ཟིན་རིས་ཞལ་ཤེས་འཁྲུལ་མེད་ཐར་ཐོར་མང་བར་འདུག་པ་ལ་བརྟེན་བཅས། རང་གི་ཤེས་ཚད་མཐོང་ཚད་ཀྱི་གཞུང་གཞན་ལུགས་པའང་ལུང་དྲངས། ལྕོགས་ཚད་ནུས་ཚད་ཉམས་སུ་མྱོང་པའི་ཚད་བཟུང་སྟེ། མེ་ཕོ་སྟག་གི་ལོ་རང་ལོ་སོ་བདུན་གྱི་ཚིགས་སུ། དཔྱི་ཟླ་གསུམ་པའི་ཡར་ཚེས་དགེ་བ་ལས། དབུ་བཙུགས་ནས་བསྒྲིགས་ཏེ་དེའང་དམིགས་སྐོར་སྒྲིག་པ་ཙམ་མ་ཟད་གཞུང་གི་ཚིག་ནི་རྒྱུད་ཚིག་དང་བརྡ་ཚིགས་(ཚིག)་ཏུ་ཡོད་ཅིང་། དམིགས་པ་རྣམས་ནི་ཡིད་ལ་བསྒོམ་པ་ལས། ངག་ཏུ་བརྗོད་རྒྱུར་མ་གནང་བས། འདོན་ཁོར་མི་བདེ་བ་ཚིག་མི་འགྲིགས་པ། འཇུག་འདྲེས་པ་ལྟ་བུ་མང་བ་ལ། བདག་གིས་ཕྲི་སྣོན་མང་བ་གཏང་ཡོད་པ་འདི་ནི། གང་ཞིག་བློ་ཆུང་གི་གཞུང་དང་མི་མཐུན་པས། འདི་ཉིད་ཀྱིས་གཞུང་ཕར་ལ་བཅོས་པའམ། གཞུང་གིས་འདི་ཚུར་བཅོས་པ་སོགས། མི་འཐད་རང་སར་བཞག་ན་ལེགས་སོ། དཔེར་ན་གསེར་ཞུན་མ་བཙོ་མ་རྒྱུ་གཅིག་ཀྱང་སྦྱར་ཐབས་མི་འདྲ་བས། བསྲེས་ན་གཅིག་གིས་གཅིག་བསློད་(བསླད)་པར་འགྱུར་ལ། རང་རང་ལ་བཞག་ན་གཉིས་ཀ་རང་སར་མདངས་དང་ལྡན་པ་དང་འདྲའོ། ཞེས་གཅོད་ཀྱི་ལག་ལེན་རྩ་བའི་ལེའུ་བཅུ་བ་འདི་དག། དགེ་སྦྱོར་རྣམ་དག་སྤྱོད་པའི་ལྷ་གྲོགས་དམ་པ་རིན་ཆེན་ལྷུན་གྲུབ་དང་ནི་ཚུལ་ཁྲིམས་རྒྱལ་མཚན་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས། རྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དུ་འབོད་པ་དེས། མདོ་སྨད་རྒྱ་ནག་གི་ཉེ་འདབས། གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་ལྷོ་ཤར། མདའ་ཆེན་དཀར་མོ་རི་ཁྲོད་དུ་བསྡེབས་པའོ།།
ces smras pa las grogs mched gnyis kyi (kyis/)glang zla ba dgu ba'i nang du rim (ri) 'grim la 'gro zhes bskul nas/ bdag sogs song ba'i skabs su len bde rang gzhung dang ma 'gal ba/ gzhan gyi dpe kab mang mi dgos par/ kha gsal go bde zhig khyod kyis mdzad zer bar nan tan byas pa'i tshe/ rmi lam sogs legs pa 'dra ba la brten nas/ 'di dag bsgrigs par ched byas nas/ de nas brtson 'grus dang bcas te/ bla ma dang grogs mched kyi phyag len la gzhi byas/ gzhung dang lag len rnams gtso ru bton/ khyad par du'ang bla ma gong ma'i sprul sku nam mkha' bstana'adzin gyi phyag dpe la zin ris zhal shes 'khrul med thar thor mang bar 'dug pa la brten bcas/ rang gi shes tshad mthong tshad kyi gzhung gzhan lugs pa'ang lung drangs/ lcogs tshad nus tshad nyams su myong pa'i tshad bzung ste/ me pho stag gi lo rang lo so bdun gyi tshigs su/ dpyi zla gsum pa'i yar tshes dge ba las/ dbu btsugs nas bsgrigs te de'ang dmigs skor sgrig pa tsam ma zad gzhung gi tshig ni rgyud tshig dang brda tshigs (tshig) tu yod cing / dmigs pa rnams ni yid la bsgom pa las/ ngag tu brjod rgyur ma gnang bas/ 'don khor mi bde ba tshig mi 'grigs pa/ 'jug 'dres pa lta bu mang ba la/ bdag gis phri snon mang ba gtang yod pa 'di ni/ gang zhig blo chung gi gzhung dang mi mthun pas/ 'di nyid kyis gzhung phar la bcos pa'am/ gzhung gis 'di tshur bcos pa sogs/ mi 'thad rang sar bzhag na legs so/ dper na gser zhun ma btso ma rgyu gcig kyang sbyar thabs mi 'dra bas/ bsres na gcig gis gcig bslod (bslad) par 'gyur la/ rang rang la bzhag na gnyis ka rang sar mdangs dang ldan pa dang 'dra'o/ zhes gcod kyi lag len rtsa ba'i le'u bcu ba 'di dag/ dge sbyor rnam dag spyod pa'i lha grogs dam pa rin chen lhun grub dang ni tshul khrims rgyal mtshan gnyis kyis bskul ba la brten nas/ rkyang sprul nam mkha' rgyal mtshan du 'bod pa des/ mdo smad rgya nag gi nye 'dabs/ gnas mchog brag dkar bya rgod kyi lho shar/ mda' chen dkar mo ri khrod du bsdebs pa'o//


Additional miscellaneous Collections

Mongolian Canon


source rKTs &