Catalog entry rKTs-G398
ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud




Gbr001.7

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


Location
set MW21519: volume 1 - folios 1b1-13a2



Gdg025.15

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


Location
set MW21939: volume ra - folios 205a7-214a4



Ggm1.2

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


Location
set MWEAP105-1-1: volume ka - folios 115a5-126b5



Ggt1.2

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


Location
set MWEAP039-1-3-1: volume ka - folios 124b1-137a3



Gpb033.002

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


e-text
Textual structure
Location
set MW1KG14783: volume gi - folios 39b5-51b6



Gtn001.014

ལ་ཟློ་གསང་བའི་འཁོར་ལོ་ཞེས་བྱ་བའི་རྒྱུད
la zlo gsang ba'i 'khor lo zhes bya ba'i rgyud


Textual structure
Location
set MW2PD19896: volume - folios 150b3-159b4

Colophon
བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས།། བློ་ཐག་གཅད་ཅིང་བསྟན་པ་གཏད་པ་འདི་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་ད་ཉོན་ཅིག། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲོས་པ་ནི།། བྱང་ཆུབ་སེམས་ནི་བློ་ཡིས་བསམས་པ་མེན།། བསམས་ཤིང་བརྟགས་པའི་ཆོས་ནི་རིགས་བྱེད་ཡེ་ཤེས་ཡིན།། རང་བྱུང་ཡེ་ཤེས་རང་ཤར་དེ་ལ་མེད་པ་ན།། བློ་ཡིས་བསམས་ཤིང་བསྒོམས་པའི་ཆོས་ལ་རེ་མ་འཇོག། ཆོས་རྣམས་ཀུན་གྱི་ཐག་ནི་བྱང་ཆུབ་སེམསུ་གཅད།། མ་བལྟས་མ་བསྒོམས་བསམས་པ་མེད་པས་ཐག་ཆོད་ན།། དེ་ལ་རང་བྱུང་ཡེ་ཤེས་ཤར་བས་།ཐག་དེར་གཅད།། ཆོས་སྐུ་དྨིགསུམེད་པར་སེམས་དཔས་བློ་ཐག་ཆོད།། འདོད་ཡོན་ལོངས་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཕན་སེམས་སྤྲུལ་སྐུ་ཡིན་པར་སེམས་དཔས་བློ་ཐག་ཆོད།། སྣང་བ་རང་སེམས་ཡིན་པར་སེམས་དཔས་བློ་ཐག་ཆོད།། སེམས་ལ་གཉིསུ་མེད་པས་བག་ཆགས་སྦྱང་དུ་མེད།། ཡུལ་མེད་རང་གསལ་ཡིན་པར་སེམས་དཔས་བློ་ཐག་ཆོད།། ཐིག་ལེ་ཉག་གཅིག་སེམས་ཀྱི་རང་བཞིན་ཡིན་མོད་ཀྱང།། ཉག་གཅིག་ཅིར་ཡང་འབྱུང་བས་སྤོང་དང་སྒྲུབ་མ་བྱེད།། ཀུན་ཀྱང་ཡོན་ཏན་མཉམ་པས་སེམས་དཔས་བློ་ཐག་ཆོད།། ད་ལྟར་སྣང་བའི་རྒྱུ་ལུས་འདི་ཀུན་སེམས་དཔས་ཇི་ལྟར་དགོངས།། འབྱུང་བའི་ཆོ་འཕྲུལ་ཙམ་དུ་སེམས་དཔས་དགོངས་མཛོད་ལ།། སེམས་ནི་བླ་མེད་ནམཁའ་ལྟ་བུ་བློ་ཐག་ཆོད།། ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང།། རང་བྱུང་ཡེ་ཤེས་ཚིག་ཏུ་བསྟན་པའི་མདོ་ལུང་ཡིན།། སེམས་ལས་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཅིག། ཕྱི་མ་ལེའུ་བཅུ་དང་གཉིསུ་གསུངས་པ་ཡང།། རང་བྱུང་ཡེ་ཤེས་བསམས་པས་བཏགས་པ་ཡིན།། ད་ཡང་རང་བྱུང་གཅིག་ཏུ་སེམས་དཔས་ལ་ཟློས་གཅིག། ཕྱི་མའི་ཕྱི་མ་ལེའུ་བཅུ་དང་ལྔ་རུ་གསུངས་པ་ཡང།། རང་བྱུང་ཡེ་ཤེས་རྣལ་འབྱོར་འཇོག་པ་ཡིན།། སེམས་དཔའ་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཅིག། ཐོས་པས་སྟོན་པའི་ལྡེ་མིག་དང།། བསམ་པས་གྲོལ་བའི་ལྡེ་མིག་དང།། བསྒོམས་པས་འབྱིན་པའི་ལྡེ་མིག་གིས།། ངེས་པར་གཏན་ལ་ཕབ་པ་ན།། སེམས་དཔས་ལེགས་པར་ཐག་ཆོད་ཅིག། སེམས་དཔའ་ཆེན་པོ་ད་དགོངས་ཅིག། ལ་ཟློས་གསང་བའི་འཁོར་ལོ་འཁོར་བའི་སྲོག་གཅོད་འདི། སེམས་དཔའ་རྡོ་རྗེ་ཁྱོད་ལ་འདི་གཏདོ།། བློ་ལྡན་སྐལ་བ་ཅན་ལ་འདི་གསུངས་ཤིག། དམ་མེད་གསོང་སྡོམ་ཆུ་སྐྱུར་གདུངས་པ་དང།། སྲིན་པོ་རཀཥ་འདྲེ་བརྡུང་མཐུ་ངོམ་དང།། རྟག་ཏུ་གྲོང་ཁ་ཡུག་པའི་གླང་རྒན་ལ།། རྫོགས་ལྡན་འདི་འདྲའི་དགོངས་པ་མི་བསྟན་ཏོ།། རྒྱུད་ཆེན་ལ་ཟློས་གསང་བའི་འཁོར་ལོ་ཞེས་བྱ་བ།། དགོངས་པ་ཀློང་ནས་ཤར་བའི་མུན་སེལ་རྫོགས་སོ།། །།འདི་ཐོས་སངས་རྒྱས་དགོངས་པ་ཡིན།། འདི་བསྒོམ་སངས་རྒྱས་དགོངས་པ་ཐོབ།། འདི་བསྒོམས་སངས་རྒྱས་དགོངས་པ་གནས།། ཨེ་མ་ཧོ།། བསམ་དགོངས་མེད་པར་ལ་ཟླ་བའོ།། །།ིཐིའ།།
byang chub kyi sems kun byed rgyal pos// blo thag gcad cing bstan pa gtad pa 'di gsungs so// kye sems dpa' chen po da nyon cig/ chos nyid byang chub sems kyi rang bzhin spros pa ni// byang chub sems ni blo yis bsams pa men// bsams shing brtags pa'i chos ni rigs byed ye shes yin// rang byung ye shes rang shar de la med pa na// blo yis bsams shing bsgoms pa'i chos la re ma 'jog/ chos rnams kun gyi thag ni byang chub semsu gcad// ma bltas ma bsgoms bsams pa med pas thag chod na// de la rang byung ye shes shar bas /thag der gcad// chos sku d+migsumed par sems dpas blo thag chod// 'dod yon longs sku yin par sems dpas blo thag chod// phan sems sprul sku yin par sems dpas blo thag chod// snang ba rang sems yin par sems dpas blo thag chod// sems la gnyisu med pas bag chags sbyang du med// yul med rang gsal yin par sems dpas blo thag chod// thig le nyag gcig sems kyi rang bzhin yin mod kyang// nyag gcig cir yang 'byung bas spong dang sgrub ma byed// kun kyang yon tan mnyam pas sems dpas blo thag chod// da ltar snang ba'i rgyu lus 'di kun sems dpas ji ltar dgongs// 'byung ba'i cho 'phrul tsam du sems dpas dgongs mdzod la// sems ni bla med namkha' lta bu blo thag chod// kye sems dpa' chen po da dgongs shig/ rtsa rgyud le'u lnga bcu rtsa bdun gsungs pa yang// rang byung ye shes tshig tu bstan pa'i mdo lung yin// sems las rang byung ye shes gcig tu la zlos cig/ phyi ma le'u bcu dang gnyisu gsungs pa yang// rang byung ye shes bsams pas btags pa yin// da yang rang byung gcig tu sems dpas la zlos gcig/ phyi ma'i phyi ma le'u bcu dang lnga ru gsungs pa yang// rang byung ye shes rnal 'byor 'jog pa yin// sems dpa' rang byung ye shes gcig tu la zlos cig/ thos pas ston pa'i lde mig dang// bsam pas grol ba'i lde mig dang// bsgoms pas 'byin pa'i lde mig gis// nges par gtan la phab pa na// sems dpas legs par thag chod cig/ sems dpa' chen po da dgongs cig/ la zlos gsang ba'i 'khor lo 'khor ba'i srog gcod 'di/ sems dpa' rdo rje khyod la 'di gtado// blo ldan skal ba can la 'di gsungs shig/ dam med gsong sdom chu skyur gdungs pa dang// srin po rakSha 'dre brdung mthu ngom dang// rtag tu grong kha yug pa'i glang rgan la// rdzogs ldan 'di 'dra'i dgongs pa mi bstan to// rgyud chen la zlos gsang ba'i 'khor lo zhes bya ba// dgongs pa klong nas shar ba'i mun sel rdzogs so// //'di thos sangs rgyas dgongs pa yin// 'di bsgom sangs rgyas dgongs pa thob// 'di bsgoms sangs rgyas dgongs pa gnas// e ma ho// bsam dgongs med par la zla ba'o// //ithi'//


Additional miscellaneous Collections

Mongolian Canon


source rKTs &