Catalog entry rKTs-B3811
མཁའ་འགྲོ་དགོངས་པ་ཀུན་འདུས་ཡང་གསང་མ་རྒྱུད་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་གཞུང་གི་ཕྲིན་ལས་ངོ་མཚར་ནོར་བུའི་བང་མཛོད
mkha' 'gro dgongs pa kun 'dus yang gsang ma rgyud dregs pa zil gnon gyi sgrub thabs gzhung gi phrin las ngo mtshar nor bu'i bang mdzod




Bkt60.4

མཁའ་འགྲོ་དགོངས་པ་ཀུན་འདུས་ཡང་གསང་མ་རྒྱུད་དྲེགས་པ་ཟིལ་གནོན་གྱི་སྒྲུབས་ཐབས་གཞུང་གི་ཕྲིན་ལས་ངོ་མཚར་ནོར་བུའི་བང་མཛོད
mkha' 'gro dgongs pa kun 'dus yang gsang ma rgyud dregs pa zil gnon gyi sgrubs thabs gzhung gi phrin las ngo mtshar nor bu'i bang mdzod


Location
set MW30498: volume mkha' 'gro dgongs 'dus - folios 1a1-77a4

Colophon
ཅེས་པ་འདི་ཡང་བདག་འདྲ་དུས་ངན་སྙིགས་མའི་ཁོ་བོ་ལ་ཟབ་གསང་གནད་ཀྱི་རྟེན་འབྲེལ་བཀག་མེད་ལྷུག་པར་ཤར་བའི་ངོས་ཤིང་སྟག་ཟླ་ཚེས་ལ་ཡེ་ཤེས་མཁའ་འགྲོའི་ལུང་བསྟན་དང་། རྫུ་འཕྲུལ་བདུད་མོའི་(མོས)སྡོང་གྲོགས་དང་། སྤྲུལ་པའི་གྲོགས་མའི་(མོས)་དོན་ཁེལ་སོགས་མཛད་ནས། གང་གི་ཤེལ་གྱི་གསང་ཕུག་གི་ཞོལ། སེང་གེ་གནམ་དུ་མཆོང་འདྲའི་གཡོན་ཕྱོགས་རླབས་ཆེན་བྱ་རྒྱལ་ཁྱུང་གི་གཤོག་པ་བསྐྱང་བའི་མགུལ་ནས་མི་འགྱུར་བཀའ་ཡི་རྒྱ་རྟགས་མ་ནོར་བར་བཙལ་ཞིང་། མི་ཤིག་གསང་བ་དྷོ་(རྡོ)་རྗེའི་བྲག་གི་རེ་ཁ་ཡང་བཀྲོལ་ནས་མི་འཁྲུག་རླུང་གི་སྒྲོམ་བུའི་མཚོན་པ་ཅན་དེ་འདྲལ་ཅིང་མི་རུལ་གུར་གུམ་པ་གྷི་ཝམ་གྲོ་ག་སོགས་རྒྱ་རྣམས་བསླང་ནས་སྤྱན་དྲངས་སྟེ། ཕྱིས་ཟབ་གསང་གནད་ཀྱི་རྟེན་འབྲེལ་ཉི་མའི་འཁོར་ལོ་འཆར་ཉེ་བ་དང་། དུས་མཉམ་དུ་རབ་འབྱམས་རྒྱལ་བ་ཡོངས་ཀྱི་སྨོན་ལམ་མེ་ཏོག་ཨུ་དུམ་ཝ་རའི་ཁ་འབྱེད་རན་པ་ལྟ་བུ་སྟེ། དེང་འཛམ་གླིང་ཞིང་འདིར་རྒྱལ་བ་མིན་ཀྱང་(ཡང)་རྒྱལ་བ་དངོས་དང་མི་གཉིས་པའི་སྐྱེས་ཆེན་དམ་པ་གར་དབང་ཀུན་གྲོལ་གྲགས་པའི་ཡང་སྲིད་རྫོགས་པའི་སངས་རྒྱས་མ་བརྩལ་ལྷུན་གྲུབ་དུ་གཡོ་བ། གཡུང་དྲུང་བསྟན་འཛིན་ཚུལ་ཁྲིམས་གྲགས་པ་སླབ་(བསླབ)་གསུམ་ཉིན་མོར་བཞད་པ་ཅན་དེས་ཀྱང་། སྔོན་ནས་ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་རླབས་པོ་ཆེའི་མཐུས། དེང་ནས་ཁྱོད་ཀྱི་བསྟན་རྙིང་གསོ་ཞིང་གཏེར་གསར་སྤེལ་གྱི་ལེགས་མཛད་ཕྲ་མོ་ཡན་ཀྱང་ཁུལ་དུ་བཞེས་དགོས་པའི་བཀའ་གསུང་དང་། ད་དུང་ཡང་ཞབས་པད་བརྟེན་(བརྟན)་པར་གྱུར་ཅིག་གི་སྨོན་ལམ་དང་བཅས་ཏེ་ལྷ་རེག་རབ་དཀར་གྱི་འདེགས་བྱ་དབང་མདོག་གི་བྱི་བའི་རཱ་ཅོ་ཟླུམ་པོའི་མཚམས་སྦྱར་གྱིས་བསྐུལ་བ་དང་། ཉེ་བར་མ་མ་ཌཀྐིའི་ཚོགས་ཀྱི་བཀའ་ལུང་གཅིག་ཏུ་གཞོལ་བ་གནས་ལྔ་ཤེས་རབ་ཀྱི་ལང་ཚོ་རབ་ཏུ་དུད་ཅིང་སླབ་(བསླབ)་གསུམ་ལུང་རྟོགས་མཁྱེན་པའི་དབང་ཕྱུག་ཆེན་པོས་བསྐུལ་བའི་ཕྱིར་དུ། ཤིང་ཡོས་ཆུ་སྟོད་དམ་ཅན་འདུ་བའི་ཉིན་དུ་མདོ་སྨད་སིང་(སེང)་གེ་གནམ་རྫོངས་ཀྱི་(རྫོང་གི)་ཉེ་འདབས་གནས་ཆེན་ཟླ་བ་ཤེལ་ལུང་གི་གཡོན་མདུན། སྟོད་ཀྱི་བྲག་དཀར་གཡུ་རྩེའི་མདུན་ཕྱོགས་ཟོ་དོར་གཉན་སྲས་ལྷ་བུའི་མདུན་ཞོལ། ས་གནད་ཆེན་པོ་པད་མ་དགའ་ཚལ་ལམ། དབྱིབས་ཀློང་དབང་ཆེན་རྒྱས་པ་ཞེས་བྱ་དོན་དུ་སྨན་གྱི་སྤང་ལྗོང་ཀླུ་ཆེན་ནོར་བུ་གཏེར་རྒྱས་འདུ་བའི་ས་གནས་སུ། རེག་བྱ་དབང་གི་ཁ་དོག་ཅན་གྱི་ཞལ་ཁེབ་མཁའ་ལྡིང་ཧ་ལོ་ཅན་གཉིས་ཀྱི་གཅེས་ཆེར་སྤྲས་ཏེ། མཁའ་འགྲོ་བརྡ་བའི་ཤོག་སེར་ལ་ངྷི་ཧོ་པདྨའི་ཙིརྟ་གཅིག་ཏུ་དྲིལ་བའི་སྣང་གཉེར་དུ་འོས་པའི་རྟེན་འབྲེལ་ལེགས་པའི་ལྡེ་མིག་གིས་ཐུགས་གསང་ཡེ་ཤེས་ཆེན་པོའི་བརྡ་སྒོ་འབྱེད་དེ། རྗེས་འཇུག་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱིར་དུ་མཁའ་འགྲོ་བརྡ་བའི་ཡིག(ཡི)་གེ་གཅིག་པ་ལ་དབྱིངས་རིག་འོད་གསལ་དག་པས་བྱེ་བྲག་ཐིག་ལེ་འབུམ་ཕྲག་ཏུ་བཀྲོལ་ནས་བོད་ཀྱི་དུང་ཤོག་དཀར་པོ་ལ་འདྲི་(འབྲི)་སྣག་གཡུ་ཡི་ཁ་འོད་ཅན་གྱིས་ལེགས་པར་རྒྱ་གར་ལྷ་བདག་སྔགས་གྲོལ་གྱི་འཕྲིན་ལས་ཁྲིགས་སུ་བསྒྲིགས་པ་ཅི་བཞིན་འཁྲུལ་མེད་དུ་ཕབས་པར་བྱས་པས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པར་གྱུར་ཅིག།
ces pa 'di yang bdag 'dra dus ngan snyigs ma'i kho bo la zab gsang gnad kyi rten 'brel bkag med lhug par shar ba'i ngos shing stag zla tshes la ye shes mkha' 'gro'i lung bstan dang / rdzu 'phrul bdud mo'i (mos)sdong grogs dang / sprul pa'i grogs ma'i (mos) don khel sogs mdzad nas/ gang gi shel gyi gsang phug gi zhol/ seng ge gnam du mchong 'dra'i g.yon phyogs rlabs chen bya rgyal khyung gi gshog pa bskyang ba'i mgul nas mi 'gyur bka' yi rgya rtags ma nor bar btsal zhing / mi shig gsang ba d+ho (rdo) rje'i brag gi re kha yang bkrol nas mi 'khrug rlung gi sgrom bu'i mtshon pa can de 'dral cing mi rul gur gum pa g+hi wam gro ga sogs rgya rnams bslang nas spyan drangs ste/ phyis zab gsang gnad kyi rten 'brel nyi ma'i 'khor lo 'char nye ba dang / dus mnyam du rab 'byams rgyal ba yongs kyi smon lam me tog u dum wa ra'i kha 'byed ran pa lta bu ste/ deng 'dzam gling zhing 'dir rgyal ba min kyang (yang) rgyal ba dngos dang mi gnyis pa'i skyes chen dam pa gar dbang kun grol grags pa'i yang srid rdzogs pa'i sangs rgyas ma brtsal lhun grub du g.yo ba/ g.yung drung bstan 'dzin tshul khrims grags pa slab (bslab) gsum nyin mor bzhad pa can des kyang / sngon nas thugs rje chen po'i sems bskyed rlabs po che'i mthus/ deng nas khyod kyi bstan rnying gso zhing gter gsar spel gyi legs mdzad phra mo yan kyang khul du bzhes dgos pa'i bka' gsung dang / da dung yang zhabs pad brten (brtan) par gyur cig gi smon lam dang bcas te lha reg rab dkar gyi 'degs bya dbang mdog gi byi ba'i rA co zlum po'i mtshams sbyar gyis bskul ba dang / nye bar ma ma Dak+ki'i tshogs kyi bka' lung gcig tu gzhol ba gnas lnga shes rab kyi lang tsho rab tu dud cing slab (bslab) gsum lung rtogs mkhyen pa'i dbang phyug chen pos bskul ba'i phyir du/ shing yos chu stod dam can 'du ba'i nyin du mdo smad sing (seng) ge gnam rdzongs kyi (rdzong gi) nye 'dabs gnas chen zla ba shel lung gi g.yon mdun/ stod kyi brag dkar g.yu rtse'i mdun phyogs zo dor gnyan sras lha bu'i mdun zhol/ sa gnad chen po pad ma dga' tshal lam/ dbyibs klong dbang chen rgyas pa zhes bya don du sman gyi spang ljong klu chen nor bu gter rgyas 'du ba'i sa gnas su/ reg bya dbang gi kha dog can gyi zhal kheb mkha' lding ha lo can gnyis kyi gces cher spras te/ mkha' 'gro brda ba'i shog ser la ng+hi ho pad+ma'i tsirta gcig tu dril ba'i snang gnyer du 'os pa'i rten 'brel legs pa'i lde mig gis thugs gsang ye shes chen po'i brda sgo 'byed de/ rjes 'jug skyes chen dam pa rnams kyi phyir du mkha' 'gro brda ba'i yig(yi) ge gcig pa la dbyings rig 'od gsal dag pas bye brag thig le 'bum phrag tu bkrol nas bod kyi dung shog dkar po la 'dri ('bri) snag g.yu yi kha 'od can gyis legs par rgya gar lha bdag sngags grol gyi 'phrin las khrigs su bsgrigs pa ci bzhin 'khrul med du phabs par byas pas kun mkhyen rgyal ba'i bstan pa rin po che rgyas par gyur cig/


Additional miscellaneous Collections

Mongolian Canon


source rKTs &