Catalog entry rKTs-B3806
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་སྣང་སྲིད་དབང་བསྒྱུར
bstan srung dam can rgya mtsho'i thugs sgrub snang srid dbang bsgyur




Bkt59.52

བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་སྣང་སྲིད་དབང་བསྒྱུར
bstan srung dam can rgya mtsho'i thugs sgrub snang srid dbang bsgyur


Location
set MW30498: volume mkha' dgongs srid rgyal drag sgrub - folios 1a1-16b6

Colophon
མཁས་པ་དམུ་ཚ་གྱེར་མེད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་ངེས་མེད་ཁོ་བོ་བདག་ནི་དབྱིངས་ཀྱི་ཡུམ་ཆེན་བྱ་ར་མ་གསུམ་གྱི་གྲོགས་བགྱིས་ནས། རྩེ་དྲུག་ལྷུན་གྱི་སྒང་སྤྱི་སྤུངས་སྒྲུབ་པའི་གནས་སུ་ཕྱིན་ནས་སྟོང་ཆེན་དམུ་ཚ་གྱེར་མེད་ཀྱིས་བདག་ལ་བརྒྱུད་ཅིང་གདམས་ནས། སླར་ལོ་དུས་ཀྱི་གསང་རྒྱ་ཡོལ་ནས། སྙིགས་དུས་ཀྱི་སྐབས་སུ་བབ་པའི་ཁོ་བོ་སྡོམ་བརྩོན་ཐ་ཤལ་བ་རྒོད་རྗེ་རྒྱ་ཡི་རུས་ཐོབ་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་ཟོག་པོ་གཏེ་རྒན་དེས། དབལ་གྱི་ཕུར་པ་ནག་པོའི་བྱིན་བརླབས་གནས་ཀྱི་མདུན་ཞོལ། གཡུང་དྲུང་བོན་གྱི་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་དུས་དང་སྐབས་སུ་བབ་ནས། སྟོང་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ་དཀར་ཆག་ཡི་གེར་བཏབ་པའོ། ཡི་གེ་ཐོག་མར་བྲི་བ་པོ་ནི་རིགས་མཐུན་གྱི་གྲོགས་པོ་སྟག་རྒོད་དྲང་སྲོང་དབང་འདུས་ཀྱིས་བགྱིས་པ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་བསྟན་སྐྱོངས་དམ་ཅན་རྣམས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་རྒྱུ་རུ་གྱུར་ཅིག།
mkhas pa dmu tsha gyer med kyi bka' yi pho nya/ sprul sku blo ldan snying po'i rjes 'jug nges med kho bo bdag ni dbyings kyi yum chen bya ra ma gsum gyi grogs bgyis nas/ rtse drug lhun gyi sgang spyi spungs sgrub pa'i gnas su phyin nas stong chen dmu tsha gyer med kyis bdag la brgyud cing gdams nas/ slar lo dus kyi gsang rgya yol nas/ snyigs dus kyi skabs su bab pa'i kho bo sdom brtson tha shal ba rgod rje rgya yi rus thob tshe dbang bde chen snying po'am/ gsang ba'i ming ni g.yung drung thog med rtsal du 'bod pa'i rgyal khams kyi khol po ba zog po gte rgan des/ dbal gyi phur pa nag po'i byin brlabs gnas kyi mdun zhol/ g.yung drung bon gyi bstan pa'i me ro spar ba'i rlung g.yab dpal ldan nor bu gling gi ri khrod kun bzang bde chen pho brang du dus dang skabs su bab nas/ stong chen dmu tsha'i zhal lung bzhin du dkar chag yi ger btab pa'o/ yi ge thog mar bri ba po ni rigs mthun gyi grogs po stag rgod drang srong dbang 'dus kyis bgyis pa 'dis kyang sangs rgyas kyi bstan pa dar zhing bstan skyongs dam can rnams lus dang grib ma bzhin du 'grogs pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &