Catalog entry rKTs-B3791
མ་ཅིག་བཀའ་གསང་ལྷ་མོའི་ཆ་ལག་པདྨ་ར་གའི་ཕྲེང་བ
ma cig bka' gsang lha mo'i cha lag pad+ma ra ga'i phreng ba




Bkt59.37

མ་ཅིག་བཀའ་གསང་ལྷ་མོའི་ཆ་ལག་པདྨ་ར་གའི་ཕྲེང་བ
ma cig bka' gsang lha mo'i cha lag pad+ma ra ga'i phreng ba


Location
set MW30498: volume mkha' dgongs srid rgyal drag sgrub - folios 1a1-19b6

Colophon
ཞེས་པའང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་བཀའ་གསང་ལྷ་མོའི་བསྐུལ་པ་ཉུང་འདུས་ཀྱི་ཆ་ལག་འདི་ནི། ཤར་རྫའི་རབ་བླ་རིན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་ལྷ་རེག་གསུང་ནན་གྱིས་བཀས་བསྐུལ་འདི་བཞིན་བརྩལ་ངོར་དང་། རང་གི་ཡང་རྨི་ལམ་དུ་བུད་མེད་གྲོགས་མོ་ལྟ་བུ་ཞིག་གིས་གླེགས་བམ་དུམ་གཅིག་གཏད་སྣང་བྱུང་བ་ལས་རྒྱབ་ཡིག་ཏུ་བཀའ་གསང་ལྷ་མོའི་ཆ་ལག་པདྨ་ར་གའི་ཕྲེང་བ་ཟེར་བ་འདུག་དེ་བཞིན་མཁའ་འགྲོའི་བརྡས་བསྐུལ་ཡིན་ནམ་སྙམ་པ་ལ་བརྟེན་ནས་བྲིས་ཟིན་འཕྲལ་རོང་གི་བུད་མེད་རྒན་པ་ཞིག་གི་རིན་ཆེན་མན་ཌལ་འབྲུ་ཡི་ཚོམ་བུ་བཀོད་པ་ཕུལ་བའི་རྨི་ལམ་གསལ་པ་ངེས་ཤེས་འཁྲུངས་པ་ཅན་བྱུང་བས། འདི་ལ་ཤིན་ཏུ་བརྩོན་ན་བྱིན་རླབས་མྱུར་བ་གདོན་མི་ཟའོ། ཞེས་པ་གཤེན་གྱི་དགེ་བསྙེན་རིག་པ་འཛིན་པ། དབལ་ཁྱུང་གཏེར་མིང་པས་བྲིས་པས་དགེ་དེས་བསྟན་པའི་གྲོགས་སུ་གྱུར་པར་ཤོག་ཅིག།
zhes pa'ang sprul sku blo ldan snying po'i snyan rgyud bka' gsang lha mo'i bskul pa nyung 'dus kyi cha lag 'di ni/ shar rdza'i rab bla rin chen phyogs las rnam rgyal gyi lha reg gsung nan gyis bkas bskul 'di bzhin brtsal ngor dang / rang gi yang rmi lam du bud med grogs mo lta bu zhig gis glegs bam dum gcig gtad snang byung ba las rgyab yig tu bka' gsang lha mo'i cha lag pad+ma ra ga'i phreng ba zer ba 'dug de bzhin mkha' 'gro'i brdas bskul yin nam snyam pa la brten nas bris zin 'phral rong gi bud med rgan pa zhig gi rin chen man Dal 'bru yi tshom bu bkod pa phul ba'i rmi lam gsal pa nges shes 'khrungs pa can byung bas/ 'di la shin tu brtson na byin rlabs myur ba gdon mi za'o/ zhes pa gshen gyi dge bsnyen rig pa 'dzin pa/ dbal khyung gter ming pas bris pas dge des bstan pa'i grogs su gyur par shog cig/


Additional miscellaneous Collections

Mongolian Canon


source rKTs &