Colophon ཅེས་ལས་དང་སྐལ་པ་ལྡན་པའི་སྤྱོད་ཡུལ། དཀོན་མཆོག་སྤྱི་འདུས་བླ་མར་གསོལ་བ་གདབ་པའི་ཐབས་ལམ། བླ་མར་རྒྱང་འབོད་བློ་ཡི་དྲན་བསྐུལ་མི་ལྡོག་དད་པའི་མཚམས་སྦྱོར་ཞེས་བྱ་བ་འདི་ཡང་། དྲིན་ཅན་བླ་མ་སྐད་ཅིག་གི་སྣང་བ་མི་འབྲལ་བའི་ཁོ་བོ་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པ་དེས་ཤར་གྲོལ་སྨིན་གླིང་དུ་སུག་བྲིས་བགྱིས་པའོ། དགེ་དེས་འདི་དོན་དེ་བཞིན་དུ་ངེས་པར་འགྲུབ་ཅིང་བདེ་བླགས་སུ་རྟོགས་པའི་རྒྱུ་རུ་གྱུར་ཅིག། ces las dang skal pa ldan pa'i spyod yul/ dkon mchog spyi 'dus bla mar gsol ba gdab pa'i thabs lam/ bla mar rgyang 'bod blo yi dran bskul mi ldog dad pa'i mtshams sbyor zhes bya ba 'di yang / drin can bla ma skad cig gi snang ba mi 'bral ba'i kho bo tshe dbang bde chen snying po'am g.yung drung thog med rtsal du 'bod pa des shar grol smin gling du sug bris bgyis pa'o/ dge des 'di don de bzhin du nges par 'grub cing bde blags su rtogs pa'i rgyu ru gyur cig/