Catalog entry rKTs-B3784
དྲིན་ཅན་རྩ་བའི་བླ་མའི་སྒྲུབ་པ་ལས་ཚེ་སྒྲུབ་བདུད་རྩིའི་ཟིལ་ཐིགས
drin can rtsa ba'i bla ma'i sgrub pa las tshe sgrub bdud rtsi'i zil thigs




Bkt59.29

དྲིན་ཅན་རྩ་བའི་བླ་མའི་སྒྲུབ་པ་ལས་ཚེ་སྒྲུབ་བདུད་རྩིའི་ཟིལ་ཐིགས
drin can rtsa ba'i bla ma'i sgrub pa las tshe sgrub bdud rtsi'i zil thigs


Location
set MW30498: volume mkha' dgongs srid rgyal drag sgrub - folios 1a1-4b3

Colophon
ཅེས་སྐྱབས་གནས་སྤྱི་འདུས་དྲིན་ཅན་བླ་མའི་སྒྲབ་པ་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། འཆི་མེད་ཚེ་རུ་སྒྲུབ་པའི་ཏི་ཀ་བདུད་རྩིའི་ཟིལ་ཐིག་ཡང་། སྐད་གཉིས་སྨྲ་བའི་ལོ་ཙ་མཁས་པ་རིན་ཆེན་བློ་གསལ་གྱི་གར་རོལ་སྤྱང་བླ་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་མཆོག་གིས་བཀའ་གསུང་སྤྱི་བོར་ཕབ་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་ཞིང་རིགས་མཐུན་སྙིང་གི་གྲོགས་པོ་ཚུལ་ཁྲིམས་བློ་གྲོས་ནས་རྟེན་འབྲེལ་ལེགས་མཚོན་སྤྱི་བླུགས་དང་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་ལ་བརྟེན། རྒོད་རྗེའི་རུས་ཐོབ་པས་སྐྱབས་གནས་འདུས་གཙོ་དྲིན་ཅན་བླ་མ་དེ་ཉིད་ཉིན་སྣང་མཚན་འཁྲུལ་སོགས་སྐད་ཅིག་གི་སྣང་བ་མི་འབྲལ་བའི་ཟོབ་པོ་ཏེ་(གཏེ)་རྒན་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པའི་སྤྲང་ཕྲུག་ཕལ་པ་ཅི་ལྟ་བ་དེས། དྲིན་ཅན་བླ་མ་དེ་ཉིད་མདུན་དུ་བཞུགས་པར་བྱས་ནས། སྐྱོ་གདུང་གི་སྣང་བ་དང་བཅས་ཏེ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ། སྣང་བ་ལམ་འཁྱེར་འོད་གསལ་གྲོགས་སུ་ཤར་བའི་ཐུན་མཚམས་སུ་སྤེལ་བ་འདིས་ཀྱང་། ཚེ་བདུད་རང་སར་གྲོལ་ནས་མི་ཤིག་གཡུང་དྲུང་གི་སྐུ་རུ་བརྙེས་པའི་རྒྱུ་རུ་གྱུར་ཅིག།
ces skyabs gnas spyi 'dus drin can bla ma'i sgrab pa bsam 'phel nor bu'i phreng ba las/ 'chi med tshe ru sgrub pa'i ti ka bdud rtsi'i zil thig yang / skad gnyis smra ba'i lo tsa mkhas pa rin chen blo gsal gyi gar rol spyang bla rin po che mnyam med tshul khrims dbang grags mchog gis bka' gsung spyi bor phab pa dang / ma zad mkhas pa'i nor la dbang zhing rigs mthun snying gi grogs po tshul khrims blo gros nas rten 'brel legs mtshon spyi blugs dang lha rdzas dar dkar gyis sna drangs nas bskul ba la brten/ rgod rje'i rus thob pas skyabs gnas 'dus gtso drin can bla ma de nyid nyin snang mtshan 'khrul sogs skad cig gi snang ba mi 'bral ba'i zob po te (gte) rgan tshe dbang bde chen snying po'am g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa'i sprang phrug phal pa ci lta ba des/ drin can bla ma de nyid mdun du bzhugs par byas nas/ skyo gdung gi snang ba dang bcas te dpal ldan nor bu gling gi ri khrod kun bzang bde chen pho brang du/ snang ba lam 'khyer 'od gsal grogs su shar ba'i thun mtshams su spel ba 'dis kyang / tshe bdud rang sar grol nas mi shig g.yung drung gi sku ru brnyes pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &