Colophon ཅེས་སྐྱབས་གནས་འདུས་གཙོ་མཆོག་གསུམ་དྲིན་ཅན་བླ་མའི་སྒྲུབ་པ་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། སྐོང་ཆུང་ཉོན་མོངས་རང་གྲོལ་ཞེས་བྱ་བ་འདི་ཡང་། བསྟན་པའི་དཔལ་ཡོན་དུ་གྱུར་པའི་སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་མཆོག་གིས་བཀའ་གསུང་སྤྱི་བོར་ཕབ་པ་དང་མ་ཟད་ལུང་རྟོགས་བོན་གྱི་གནས་ལྔས་ཕྱུག་པའི་རིགས་མཐུན་གྱི་གྲོགས་པོ་བརྩེ་གདུང་གཅིག་ཏུ་འདྲེས་པའི་བཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྟེན་འབྲེལ་ལེགས་མཚོན་སྤྱི་བླུགས་དང་ལྷ་རྫས་དར་དཀར་གྱིས་སྣ་དྲངས་བསྐུལ་བ་བརྟེན། བཀའ་གསུང་གྱེན་ལྡོག་མ་ནུས་ནས། རྒོད་རྗེའི་རུས་ཐོབ་ཚེ་དབང་བདེ་ཆེན་སྙིང་པོས་བོན་གྱི་འདུས་སྡེ་དཔལ་ལྡན་ནོར་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་སྤེལ་བ་འདིས་ཀྱང་། ས་ལམ་ཉམས་རྟོགས་བསྐྱེད་ཅིང་ལྟ་སྒོམ་ཡང་རྩེར་ཕྱིན་པའི་རྒྱུ་རུ་གྱུར་ཅིག། ces skyabs gnas 'dus gtso mchog gsum drin can bla ma'i sgrub pa bsam 'phel nor bu'i phreng ba las/ skong chung nyon mongs rang grol zhes bya ba 'di yang / bstan pa'i dpal yon du gyur pa'i spyang 'phags rin po che mnyam med tshul khrims dbang grags mchog gis bka' gsung spyi bor phab pa dang ma zad lung rtogs bon gyi gnas lngas phyug pa'i rigs mthun gyi grogs po brtse gdung gcig tu 'dres pa'i btsun pa tshul khrims blo gros kyis rten 'brel legs mtshon spyi blugs dang lha rdzas dar dkar gyis sna drangs bskul ba brten/ bka' gsung gyen ldog ma nus nas/ rgod rje'i rus thob tshe dbang bde chen snying pos bon gyi 'dus sde dpal ldan nor gling gi ri khrod kun bzang bde chen pho brang du spel ba 'dis kyang / sa lam nyams rtogs bskyed cing lta sgom yang rtser phyin pa'i rgyu ru gyur cig/