དྲིན་ཅན་བླ་མའི་སྒྲུབ་པ་ལས་ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་བའི་གཏེར་ཆེན drin can bla ma'i sgrub pa las tshogs kyi 'khor lo bskor thabs mkha' gsang rol ba'i gter chen
དྲིན་ཅན་བླ་མའི་སྒྲུབ་པ་ལས་ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་བའི་གཏེར་ཆེན drin can bla ma'i sgrub pa las tshogs kyi 'khor lo bskor thabs mkha' gsang rol ba'i gter chen Bkt
Bkt59.26
དྲིན་ཅན་བླ་མའི་སྒྲུབ་པ་ལས་ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་བའི་གཏེར་ཆེན drin can bla ma'i sgrub pa las tshogs kyi 'khor lo bskor thabs mkha' gsang rol ba'i gter chen
Colophon ཅེས་སྐྱབས་གནས་སྤྱི་འདུས་ཀྱི་ངོ་བོ་དྲིན་ཅན་བླ་མའི་བདག་སོགས་འགྲོ་བ་ཡོངས་ཀྱི་མ་ལྟ་བུར་ལོ་པན་ཤ་རི་དབུ་ཆེན་མི་ཡི་རྣམ་རོལ་མངོན་དུ་བསྟན་པའི་ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི་གནས་དག་རིག་པ་འཛིན་པའི་གྲུབ་ཐོབ་ནམ་མཁའི་རྣལ་འབྱོར་སྨོན་ལམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་དེ་ཉིད་ཀྱི་སྒབ་ཐབས་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་པའི་གཏེར་ཆེན་ཞེས་བྱ་བ་འདི་ཡང་། དཔལ་སྙ་ཆེན་ལི་ཤུའི་སྣང་བརྙན་ཀུན་མཁྱེན་སངས་རྒྱས་བསྟན་འཛིན་གྲགས་པའི་རྒྱལ་ཚབ་གསེར་ཁྲིར་སྐྱོངས་བ། མཁས་པ་རིན་ཆེན་བློ་གསལ་གྱི་གར་རོལ་སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་ཀྱིས་བཀའ་གསུང་སྤྱི་བོར་ཕབ་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་ཞིང་ལུང་རྟོགས་བོན་གྱིས་ཕྱུག་པའི་རིགས་མཐུན་གྱི་གྲོགས་པོ་བརྩེ་གདུང་གཅིག་ཏུ་འདྲེས་པའི་བཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྟེན་འབྲེལ་ལེགས་མཚོན་སྤྱི་བླུགས་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་བརྟེན་ནས། བཀའ་གསུང་གྱེན་ལྡོག་མ་ནུས་པའི་ཁོ་བོ་ཚེ་དབང་བླ་མའི་རྗེས་འབྲེང་། ཚེ་དབང་བདེ་ཆེན་སྙིང་པོའམ་གསང་བའི་མིང་ནི་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་མཆོག་གསུམ་དྲིན་ཆེན་བླ་མ་དེ་ཉིད་ཉིན་སྣང་མཚན་འཁྲུལ་སོགས་ལ་སྐད་ཅིག་གི་སྣང་བ་མི་འབྲལ་བའི་ཟོབ་པོ་གཏེ་རྒན་ལུས་ངག་འཆར་(འཆལ)་བོར་སྤྱོད་པའི་འཇིག་རྟེན་སྐྱེ་འགྲོ་ཕལ་པ་ཅི་ལྟ་བ་དེས་མི་ཕྱེད་པའི་དད་པ་རྣམ་ལྔས་སྣ་དྲངས་སྐྱོ་གདུང་གི་སྣང་བ་དང་བཅས་ཏེ་བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུའི་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་ཤར་ཚད་གྲོགས་སུ་ཤར་བའི་ཉིན་སྤེལ་བ་འདིས་ཀྱང་། གང་ཤར་གང་དྲན་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་གྲོལ་ཞིང་ཀ་དག་བོན་གྱི་སྐུར་བརྙེས་པའི་རྒྱུར་གྱུར་ཅིག། ces skyabs gnas spyi 'dus kyi ngo bo drin can bla ma'i bdag sogs 'gro ba yongs kyi ma lta bur lo pan sha ri dbu chen mi yi rnam rol mngon du bstan pa'i sa steng gi skyes bu mtshan brjod par dka' ba'i gnas dag rig pa 'dzin pa'i grub thob nam mkha'i rnal 'byor smon lam g.yung drung bstan pa'i rgyal mtshan de nyid kyi sgab thabs bsam 'phel nor bu'i phreng ba las/ tshogs kyi 'khor lo bskor thabs mkha' gsang rol pa'i gter chen zhes bya ba 'di yang / dpal snya chen li shu'i snang brnyan kun mkhyen sangs rgyas bstan 'dzin grags pa'i rgyal tshab gser khrir skyongs ba/ mkhas pa rin chen blo gsal gyi gar rol spyang 'phags rin po che mnyam med tshul khrims dbang grags kyis bka' gsung spyi bor phab pa dang / ma zad mkhas pa'i nor la dbang zhing lung rtogs bon gyis phyug pa'i rigs mthun gyi grogs po brtse gdung gcig tu 'dres pa'i btsun pa tshul khrims blo gros kyis rten 'brel legs mtshon spyi blugs lha rdzas dar dkar gyis sna drangs nas bskul ba brten nas/ bka' gsung gyen ldog ma nus pa'i kho bo tshe dbang bla ma'i rjes 'breng / tshe dbang bde chen snying po'am gsang ba'i ming ni g.yung drung thog med rtsal du 'bod pa'i rgyal khams kyi khol po ba mchog gsum drin chen bla ma de nyid nyin snang mtshan 'khrul sogs la skad cig gi snang ba mi 'bral ba'i zob po gte rgan lus ngag 'char ('chal) bor spyod pa'i 'jig rten skye 'gro phal pa ci lta ba des mi phyed pa'i dad pa rnam lngas sna drangs skyo gdung gi snang ba dang bcas te bon gyi 'dus sde chen po dpal ldan nor bu'i gling gi ri khrod kun bzang bde chen pho brang du shar tshad grogs su shar ba'i nyin spel ba 'dis kyang / gang shar gang dran thams cad ye shes kyi rtsal du grol zhing ka dag bon gyi skur brnyes pa'i rgyur gyur cig/