Colophon ཅེས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཉིད། ལོ་མང་ཚན་ནས་འཁྲུལ་སྣང་རྨི་ལམ་ལས་ཤར་བས། རེ་ཤིག་ལེ་ལོའི་དབང་དུ་སོང་ཀྱང་། ཕྱིས་སུ་དགེ་བའི་བཤེས་གཉེན་དམ་པ་བསླབ་གསུམ་དྲི་བྲལ་ལུང་རྟོགས་བོན་གྱིས་ཕྱུག་པའི་སྡོམ་བཙུན་འདུལ་བ་བསྟན་འཛིན་གྱིས་ལྷ་རྫས་དྲི་མེད་ཀྱིས་འཚམས་(མཚམས)་སྦྱར་ཞིང་བསྐུལ་བ་ལ་བརྟེན་ནས། སྔོན་ཚེ་རྒོད་རྗེའི་བྱིན་གྱིས་བརླབས་པའི་རྒྱ་བོན་རིག་གྲོལ་ཚེ་དབང་བླ་མའི་རྗེས་སུ་འབྲེང་ཞིང*། མཆོག་གསུམ་རྩ་བའི་བླ་མ་དེ་ཉིད་ཉིན་སྣང་མཚན་འཁྲུལ་ཀུན་ལ་འབྲལ་མེད་སྤྱི་བོར་འཆང་ནས། ཉིན་མཚན་དུས་ལས་མི་འདའ་བར་བསྒྲུབ་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་ཚེ་དབངབདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པས་ལུས་ངག་འཁྱལ་བར་སྤྱོད་པའི་སྐྱེ་བོ་ཕལ་པའི་ཅི་ལྟ་བུ་དེས་དྲིན་ཅན་བླ་མ་དེ་ཉིད་མདུན་གྱི་བར་སྣང་ལ་དངོས་སུ་བཞུགས་པར་བྱས་ཏེ། སྐྱོ་གདུང་གི་སྣང་བ་དང་བཅས་ནས་རྩ་ཐིག་རང་གྲོལ་སྣང་སེམས་ཟུང་འཇུག་གི་ངང་ནས་སྤེལ་བ་འདིས་ཀྱང་། བྱིན་རླབས་ལུས་ལ་འཇུག་ཅིང་གྲོལ་ཆ་སེམས་ལ་སྨིན་པའི་རྒྱུ་རུ་གྱུར་ཅིག། ces skyabs gnas kun 'dus kyi ngo bo drin can rtsa ba'i sgrub thabs nor bu'i phreng ba zhes bya ba 'di nyid/ lo mang tshan nas 'khrul snang rmi lam las shar bas/ re shig le lo'i dbang du song kyang / phyis su dge ba'i bshes gnyen dam pa bslab gsum dri bral lung rtogs bon gyis phyug pa'i sdom btsun 'dul ba bstan 'dzin gyis lha rdzas dri med kyis 'tshams (mtshams) sbyar zhing bskul ba la brten nas/ sngon tshe rgod rje'i byin gyis brlabs pa'i rgya bon rig grol tshe dbang bla ma'i rjes su 'breng zhing*/ mchog gsum rtsa ba'i bla ma de nyid nyin snang mtshan 'khrul kun la 'bral med spyi bor 'chang nas/ nyin mtshan dus las mi 'da' bar bsgrub pa'i rgyal khams kyi khol po ba tshe dbangabade chen snying po'am g.yung drung thog med rtsal du 'bod pas lus ngag 'khyal bar spyod pa'i skye bo phal pa'i ci lta bu des drin can bla ma de nyid mdun gyi bar snang la dngos su bzhugs par byas te/ skyo gdung gi snang ba dang bcas nas rtsa thig rang grol snang sems zung 'jug gi ngang nas spel ba 'dis kyang / byin rlabs lus la 'jug cing grol cha sems la smin pa'i rgyu ru gyur cig/