དྲིན་ཅན་བླ་མའི་སྒྲུབ་པ་ལས་གསོལ་འདེབས་བྱིན་རླབས་མངོན་འཇུག་སྤྲིན་གྱི་རོལ་མོ drin can bla ma'i sgrub pa las gsol 'debs byin rlabs mngon 'jug sprin gyi rol mo
དྲིན་ཅན་བླ་མའི་སྒྲུབ་པ་ལས་གསོལ་འདེབས་བྱིན་རླབས་མངོན་འཇུག་སྤྲིན་གྱི་རོལ་མོ drin can bla ma'i sgrub pa las gsol 'debs byin rlabs mngon 'jug sprin gyi rol mo Bkt
Bkt59.23
དྲིན་ཅན་བླ་མའི་སྒྲུབ་པ་ལས་གསོལ་འདེབས་བྱིན་རླབས་མངོན་འཇུག་སྤྲིན་གྱི་རོལ་མོ drin can bla ma'i sgrub pa las gsol 'debs byin rlabs mngon 'jug sprin gyi rol mo
Colophon ཅེས་འཛམ་གླིང་ཡོངས་ལ་གྲགས་པའི་ལོ་པན་ཤ་རི་དབུ་ཆེན་བསྟན་དང་འགྲོ་བའི་དོན་ལ་རྗེས་ཆགས་གར་རོལ་མངོན་པར་བསྟན་པའི་ས་གསུམ་ལ་འགྲན་ཟླ་བྲལ་བ་གྲུབ་པའི་དབང་པོ་སྨོན་ལམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་དེ་ཉིད་ཀྱི་སྐྱེས་ཕྲེང་གསོལ་འདེབས་ཉུང་འཐུས་ཤིག་གངས་ཅན་བསྟན་པའི་སྒྲོན་མེ་བླ་ཆེན་དྲན་པ་སྐྱེ་འགྲོའི་སྣང་ངོར་མི་ཡི་གཟུགས་སྐུར་བསྟན་པ་མེ་སྟོན་ཉི་མ་རྒྱལ་མཚན་ནམ་རིག་འཛིན་མཁའ་འགྲོའི་གསང་མཚན་ཟིལ་གནོན་བཞེད་པ་རྩལ་དེ་ཉིད་ཀྱིས་ཞལ་གསུང་དྲི་མ་མེད་པ་གཡུང་དྲུང་ལྟ་བུའི་ལྗགས་འགྱུར་བ་མེད་པ་ལས་གསུང་འགག་མེད་པད་མ་ལྟ་བུའི་བརྡ་སྦྱོར་ཏེ་སྐྱེས་རབས་ཉུང་འདུས་གསུངས་པ་ལ། རང་ཆེའི་རྟོག་བཟོའི་བཅོས་སླད་མེད་པར་གཞིར་བཞག་དེ་ལས་ཅུང་ཟད་སྤྲོས་པ་འདི། སྐྱབས་མཆོག་རིག་འཛིན་དེ་ཉིད་ཀྱི་སྐྱབས་གུར་དུ་ཚུད་པའི་བཀའ་འབངས་བ་རྒོད་རྗེ་རྒྱ་ཡི་གདུང་ལ་དལ་རྟེན་རྙེད་པའི་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་བདག་གིས་ཤར་གྲོལ་སྨིན་གླིང་དུ་གསོལ་བ་ཡང་ཡང་དུ་གདབ་པ་འདིས་ཀྱང་། བྱིན་རླབས་ལུས་ལ་འཇུག་ཅིང་གྲོལ་ཆ་སེམས་ལ་སྨིན་པའི་རྒྱུ་རུ་གྱུར་ཅིག། ces 'dzam gling yongs la grags pa'i lo pan sha ri dbu chen bstan dang 'gro ba'i don la rjes chags gar rol mngon par bstan pa'i sa gsum la 'gran zla bral ba grub pa'i dbang po smon lam g.yung drung bstan pa'i rgyal mtshan de nyid kyi skyes phreng gsol 'debs nyung 'thus shig gangs can bstan pa'i sgron me bla chen dran pa skye 'gro'i snang ngor mi yi gzugs skur bstan pa me ston nyi ma rgyal mtshan nam rig 'dzin mkha' 'gro'i gsang mtshan zil gnon bzhed pa rtsal de nyid kyis zhal gsung dri ma med pa g.yung drung lta bu'i ljags 'gyur ba med pa las gsung 'gag med pad ma lta bu'i brda sbyor te skyes rabs nyung 'dus gsungs pa la/ rang che'i rtog bzo'i bcos slad med par gzhir bzhag de las cung zad spros pa 'di/ skyabs mchog rig 'dzin de nyid kyi skyabs gur du tshud pa'i bka' 'bangs ba rgod rje rgya yi gdung la dal rten rnyed pa'i tshe dbang bde chen snying po'am g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa bdag gis shar grol smin gling du gsol ba yang yang du gdab pa 'dis kyang / byin rlabs lus la 'jug cing grol cha sems la smin pa'i rgyu ru gyur cig/