Colophon ཅེས་པའི་སྐྱབས་གནས་འདུས་གཙོ་དྲིན་ཅན་བླ་མའི་སྒྲབ་པ་བསམ་འཕེལ་ནོར་བུའི་འཕྲེང་བ་ལས། རྒྱན་བཀོད་སྐབས་ཀྱི་ལས་རིམ་འདི་ཡང་། མཁས་པ་རིན་ཆེན་བློ་གསལ་གྱི་རྣམ་རོལ། སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་གིས་བཀའ་གསུང་སྤྱི་བོར་ཕབ་པ་དང་། མ་ཟད་རིགས་མཐུན་གྲོགས་པོ་བརྩེ་གདུང་གཅིག་ཏུ་འདྲེས་པའི་བཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྟེན་འབྲེལ་ལེགས་མཚོན་སྤྱི་བླུག་དང་དར་དཀར་དྲི་མེད་ཀྱིས་སྣ་དྲངས་ནས་བསྐུལ་བ་ལ་བརྟེན་ནས། ཚེ་དབང་བླ་མའི་རྗེས་འབྲིང་ཚེ་དབང་བདེ་ཆེན་སྙིང་པོའམ་གསང་བའི་མིང་ནི་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་དེས་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་དུ་དྲིན་ཅན་བླ་མ་དེ་ཉིད་མདུན་དུ་བཞུགས་པར་བྱས་ཤིང་སྐྱོ་གདུང་གི་སྣང་བ་དང་བཅས་ནས་སྤེལ་བའོ།། ces pa'i skyabs gnas 'dus gtso drin can bla ma'i sgrab pa bsam 'phel nor bu'i 'phreng ba las/ rgyan bkod skabs kyi las rim 'di yang / mkhas pa rin chen blo gsal gyi rnam rol/ spyang 'phags rin po che mnyam med tshul khrims dbang grags gis bka' gsung spyi bor phab pa dang / ma zad rigs mthun grogs po brtse gdung gcig tu 'dres pa'i btsun pa tshul khrims blo gros kyis rten 'brel legs mtshon spyi blug dang dar dkar dri med kyis sna drangs nas bskul ba la brten nas/ tshe dbang bla ma'i rjes 'bring tshe dbang bde chen snying po'am gsang ba'i ming ni g.yung drung thog med rtsal du 'bod pa'i rgyal khams kyi khol po ba des dpal ldan nor bu gling gi ri khrod du drin can bla ma de nyid mdun du bzhugs par byas shing skyo gdung gi snang ba dang bcas nas spel ba'o//