Colophon ཅེས་བདེར་གཤེགས་བྱང་སེམས་སྐུ་གཟུགས་ཕྱག་ཚད་མཁའ་གསལ་ནོར་བུའི་མེ་ལོང་འདི་ནི། རི་མོའི་བྱེད་པོ་རིན་ཆེན་རྒྱལ་མཚན་དང་ཉེ་བར་རྒྱལ་རོང་གླིང་དགུ་རྒྱལ་པོའི་མཆོད་གནས་དམ་པ་འབར་ཁམས་གླིང་གི་སྐུ་ཞབས་བསོད་ནམས་བསྟན་འཛིན་རྒྱལ་མཚན་གྱིས་བསྐུལ་ངོར། ཁོ་བོ་རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་ལྕགས་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་རིག་བཞིའི་ནང་ཚན་རིན་ཆེན་རིགས་ཀྱི་གནས། བམ་བྲག་བརྩེགས་པ་རིན་ཆེན་འབར་བའི་མཐིལ། མཚོ་སྟེང་བདེ་ལྡན་གསང་སྔགས་ཁྲོད་དུ་བརྩོལ་པས་(བརྩམས་པས)་། རྒྱལ་བསྟན་ནུབ་མེད་སྲིད་པའི་སྒྲོན་ལྟར་དར་བའི་རྒྱུ་རུ་གྱུར་ཅིག། ces bder gshegs byang sems sku gzugs phyag tshad mkha' gsal nor bu'i me long 'di ni/ ri mo'i byed po rin chen rgyal mtshan dang nye bar rgyal rong gling dgu rgyal po'i mchod gnas dam pa 'bar khams gling gi sku zhabs bsod nams bstan 'dzin rgyal mtshan gyis bskul ngor/ kho bo rig 'dzin kun grol gsang ba rtsal gyis lcags sprel hor zla lnga pa'i tshes bcu la rig bzhi'i nang tshan rin chen rigs kyi gnas/ bam brag brtsegs pa rin chen 'bar ba'i mthil/ mtsho steng bde ldan gsang sngags khrod du brtsol pas (brtsams pas) / rgyal bstan nub med srid pa'i sgron ltar dar ba'i rgyu ru gyur cig/