Colophon འདི་ནི་ཨུད་དཔལ་མེ་ཏོག་བཞིན། བརྒྱའི་ནང་ན་ཡང་རེ་རེ་ཙམ། ལས་ལྡན་མིན་པ་ཆིག་རྒྱུད་(བརྒྱུད)་བྱ། ཀུན་གྱིས་ཤེས་ན་གང་གི་མཁས། དྲོད་ཚད་འཐོན་པའི་མན་ངག་ཡིན། རིགས་ལྔའི་མཁའ་འགྲོའི་སྙིང་ཁྲག་ཡིན། སྡེ་བརྒྱད་གནད་ཀྱི་སྲོག་གཟེར་ཡིན། ལས་ཅན་ཅིག་གི་ཆ་རྐྱེན་ཡིན། གསང་རྒྱ་གདབ་ཅིང་གཅིག་བརྒྱུད་བྱ། གསང་ནས་སྤྱོད་ན་དངོས་གྲུབ་མྱུར། མན་ངག་རིན་ཆེན་འཕྲེང་བ་རྫོགས་སོ།། ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལམ།། 'di ni ud dpal me tog bzhin/ brgya'i nang na yang re re tsam/ las ldan min pa chig rgyud (brgyud) bya/ kun gyis shes na gang gi mkhas/ drod tshad 'thon pa'i man ngag yin/ rigs lnga'i mkha' 'gro'i snying khrag yin/ sde brgyad gnad kyi srog gzer yin/ las can cig gi cha rkyen yin/ gsang rgya gdab cing gcig brgyud bya/ gsang nas spyod na dngos grub myur/ man ngag rin chen 'phreng ba rdzogs so// sa ma ya/ rgya rgya rgya/ mang+ga lam//