Colophon ཅེས་པའང་ཁྱབ་བདག་འཁོར་ལོའི་མགོན་པོའི་བཀའ་ཡི་གནང་བ་ཐོབ་འཕྲལ་རྒྱལ་སྲས་འཇམ་དཔལ་དགྱེས་པའི་བློ་གྲོས་སོགས་དང་སློབ་གྲོགས་ཀྱིས་བསྐུལ་མ་གནུར་ལྕི་བྱུང་བའི་རྐྱེན་ལས། ཟབ་དོན་གྱི་སྣོད་དུ་གྱུར་པའི་སྐལ་པ་ཅན་ཞྭ་དཀར་མཐོང་གྲོལ་གྱི་ཅོད་པན་འཆང་བའི་སྙོམས་ལས་པ་བློ་གྲོས་རྒྱ་མཚོས་བྲིས་པ་ཡི་གེ་པ་ནི་སོ་བླ་རྣམ་རྒྱལ་ཚུལ་ཁྲིམས་ཀྱིས་བགྱིས་པས་དགེ་དེས་སྙིགས་མའི་བསྐལ་ཁུག་གསོ་བའི་རྐྱེན་དུ་འགྱུར་བར་གྱུར་ཅིག། ces pa'ang khyab bdag 'khor lo'i mgon po'i bka' yi gnang ba thob 'phral rgyal sras 'jam dpal dgyes pa'i blo gros sogs dang slob grogs kyis bskul ma gnur lci byung ba'i rkyen las/ zab don gyi snod du gyur pa'i skal pa can zhwa dkar mthong grol gyi cod pan 'chang ba'i snyoms las pa blo gros rgya mtshos bris pa yi ge pa ni so bla rnam rgyal tshul khrims kyis bgyis pas dge des snyigs ma'i bskal khug gso ba'i rkyen du 'gyur bar gyur cig/