Colophon ཞེས་གསང་ཆེན་སེང་གེ་སྒྲ་སྒྲོགས་ཀྱི་སྔོན་འགྲོའི་རིམ་པ་པད་དཀར་ཆུན་པོ་ཞེས་བྱ་བ་འདི་ནི་རང་ཉིད་འདོན་ཆ་རྩོད་པའི་གང་ཟག་ཏུ་མ་གྱུར་ཀྱང*། གཏེར་ཆེན་རིན་པོ་ཆེ་མཆོག་གི་བཀའ་ཡི་གནང་བ་ཡང་ཡང་ཐོབ་པའི་རྐྱེན་ལས། མདོ་གམ་ཤར་རྫའི་ཞིང་དུ་དལ་རྟེན་རྙེད་པའི་འདུ་ཤེས་གསུམ་པ་བློ་གྲོས་རྒྱ་མཚོས་བློ་ཡི་པད་མོ་སྦུབས་ལས་འཐིབ་བཞིན་བྲིས་པས་ཉེས་འགལ་བཤགས་འདི་དགེ་ཚོགས་ཀྱིས་སྙིགས་མའི་རྒུད་པ་སེལ་བའི་རྐྱེན་དུ་འགྱུར་བར་ཤོག་ཅིག། zhes gsang chen seng ge sgra sgrogs kyi sngon 'gro'i rim pa pad dkar chun po zhes bya ba 'di ni rang nyid 'don cha rtsod pa'i gang zag tu ma gyur kyang*/ gter chen rin po che mchog gi bka' yi gnang ba yang yang thob pa'i rkyen las/ mdo gam shar rdza'i zhing du dal rten rnyed pa'i 'du shes gsum pa blo gros rgya mtshos blo yi pad mo sbubs las 'thib bzhin bris pas nyes 'gal bshags 'di dge tshogs kyis snyigs ma'i rgud pa sel ba'i rkyen du 'gyur bar shog cig/