Colophon ཅེས་པའི་ཚུལ་འདི་ནི་ལམ་འདི་ལ་མོས་པའི་རྣམ་དཀར་མཆེད་པོ་རིན་ཆེན་བཀྲ་ཤིས་དང་ཚུལ་ཁྲིམས་སྨོན་ལམ་གཉིས་ནས་བསྐུལ་བ་དང་ཁྱད་པར་ཧུ་གླིང་གཏེར་སྟོན་བླ་མ་མཆོག་གིས་ཀྱང་སྤྱིར་བཀའ་ཆོས་ཐམས་ཅད་དང*། བྱེ་བྲག་སྟག་ལྷ་རྩ་གསུམ་གྱི་ཆ་ལག་མ་ཚང་ཁ་བསྐང་དང་མ་ཟད་དབང་གི་ཕབས་སྤེ་(ཕབ་དཔེ)་ཤོག་དྲིལ་མཚམས་བཅད་ནས་བྱིན་འབེབ་ཡན་གྱི་སྔོན་འགྲོ་ལ་སྒོ་དབྱེ་བའི་བསྐོར་མཐར་བུ་ཞིག་གནང་ནས་སྦྱོར་དངོས་རྗེས་བྱ་བཅས་ཚང་བའི་དབང་ཁྲིགས་ཤིག་ཅི་ནས་འབྲི་དགོས་པའི་བཀའ་གསང་ལྡོག་མེད་གནང་བས་དེས་ན་བཏང་སྙོམས་འཇོག་པར་མ་ཕོད་ནས་རྨོངས་བཙུན་སེང་གེ་ཉི་མས་ལྷག་བསམ་དག་པས་སྦྱར་བ་དགེ་ཞིང་བཀྲ་ཤིས ces pa'i tshul 'di ni lam 'di la mos pa'i rnam dkar mched po rin chen bkra shis dang tshul khrims smon lam gnyis nas bskul ba dang khyad par hu gling gter ston bla ma mchog gis kyang spyir bka' chos thams cad dang*/ bye brag stag lha rtsa gsum gyi cha lag ma tshang kha bskang dang ma zad dbang gi phabs spe (phab dpe) shog dril mtshams bcad nas byin 'beb yan gyi sngon 'gro la sgo dbye ba'i bskor mthar bu zhig gnang nas sbyor dngos rjes bya bcas tshang ba'i dbang khrigs shig ci nas 'bri dgos pa'i bka' gsang ldog med gnang bas des na btang snyoms 'jog par ma phod nas rmongs btsun seng ge nyi mas lhag bsam dag pas sbyar ba dge zhing bkra shis