Colophon ཞེས་དབལ་གཤེན་མེ་འཕྲེང་རྩ་གསུམ་གྱི་སྲུང་བ་སྲ་བརྟན་རྫོང་ཞེས་བྱ་བ་གསང་བདག་ཧཱུཾ་ཆེན་བླ་མའི་མདུན་ནས་གཞུང་གི་མ་ཚང་ཁ་བསྐང་དགོས་པའི་བཀའ་བབ་ཡང་ཡང་ཐོབ་ཅིང་ཁྱད་པར་མཐའ་འཁོབ་མུན་པའི་གསལ་སྒྲོན་ལམ་སྤྲལ་དྲུང་མུའི་མཚན་ཅན་གྱིས་སྐུ་རྐྱེན་ཉེ་བར་སེལ་བ་ལུང་གིས་སྐྱོང་བཞིན་གནད་དོན་དུ་མའི་གསལ་བྱེད་དགོས་ཚུལ་ལྷ་རྫས་རིན་འཁོར་རྟེན་བཅས་བཀའ་ལྷན་ཕབ་པར་བརྟེན་ཁོ་བོ་སྨོན་སྲས་པས་གནས་ཆེན་བྲག་དཀར་རི་ཁྲོད་དུ་བྲིས་པ་དགེའོ། ཐོག་མའི་ཡིག་རིས་བྱེད་པོ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་གཡུང་དྲུང་བསྟན་འཛིན་པའོ།། zhes dbal gshen me 'phreng rtsa gsum gyi srung ba sra brtan rdzong zhes bya ba gsang bdag hUM chen bla ma'i mdun nas gzhung gi ma tshang kha bskang dgos pa'i bka' bab yang yang thob cing khyad par mtha' 'khob mun pa'i gsal sgron lam spral drung mu'i mtshan can gyis sku rkyen nye bar sel ba lung gis skyong bzhin gnad don du ma'i gsal byed dgos tshul lha rdzas rin 'khor rten bcas bka' lhan phab par brten kho bo smon sras pas gnas chen brag dkar ri khrod du bris pa dge'o/ thog ma'i yig ris byed po gang gi zhabs rdul spyi bor len pa g.yung drung bstan 'dzin pa'o//