Colophon ཞེས་པའང་དག་སྣང་ནམ་མཁའི་ཀློང་མཛོད་ལས་བྱང་བའི་ཟབ་དོན་འདི་ཉིད་ཕབ་པའི་དུས་ལ་བབས་པ་དང་། སྔ་མ་ནས་དྲིན་ཆེན་དམ་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེའི་བུ་ཁྱོད་དེང་ནས་བཟུང་སྟེ་གཏེར་སྙིང་གསོ་ཞིང་གཏེར་གསར་སྤེལ་དགོས་པའི་བཀའ་ལུང་དགྱེས་པ་ཆེན་པོ་མཆོག་གི་དངོས་གྲུབ་སྤྱི་བོར་བརྩལ་བ་དང་ཁྱད་པར་དུ་ཞི་ཞོལ་དགོན་གྱི་སེམས་དཔའི་འདུས་སྡེ་རྒྱ་མཚོས་ཡང་ཡང་བསྐུལ་ངོར་དབལ་གཤེན་མེ་འཕྲེང་ཆེན་པོའི་རྒྱུད་དང་ཆ་ལག་ཆ་རྐྱེན་དང་བཅས་པ་དུས་སྙིགས་མའི་ཁོ་བོ་ཧུ་ཆེན་འགྲོ་འདུལ་པད་མ་གླིང་པས་རིགས་བཞིའི་ནང་ཚན་རིན་ཆེན་འབར་བའམ་ལྷོ་ཤར་དབལ་བྲག་བརྩེགས་པའི་མགུལ་མཚོ་སྟེང་བདེ་ལྡན་གླིང་དུ་གཏན་ལ་ཕབ་ཚེ་དྲུང་ཡིག་མི་བཞིས་རྣ་ལམ་དུ་དུས་གཅིག་ཏུ་བསྒྲགས་ནས་སོར་མོའི་གཞུ་ལ་རླུང་གི་མདའ་སྐྱོན་ནས་བྲིས་པ་དགེ་དེས་མཐའ་བཞི་འགོང་པོའི་རུ་མཚོན་འགྱེལ་ཞིང་། གསང་ཆེན་གཡུང་དྲུང་བསྟན་པའི་རྒྱལ་མཚན་དུས་གསུམ་དུ་ནུབ་པ་མེད་པར་འཛུག་པར་གྱུར་ཅིག་ zhes pa'ang dag snang nam mkha'i klong mdzod las byang ba'i zab don 'di nyid phab pa'i dus la babs pa dang / snga ma nas drin chen dam pa shar rdza bkra shis rgyal mtshan rin po che'i bu khyod deng nas bzung ste gter snying gso zhing gter gsar spel dgos pa'i bka' lung dgyes pa chen po mchog gi dngos grub spyi bor brtsal ba dang khyad par du zhi zhol dgon gyi sems dpa'i 'dus sde rgya mtshos yang yang bskul ngor dbal gshen me 'phreng chen po'i rgyud dang cha lag cha rkyen dang bcas pa dus snyigs ma'i kho bo hu chen 'gro 'dul pad ma gling pas rigs bzhi'i nang tshan rin chen 'bar ba'am lho shar dbal brag brtsegs pa'i mgul mtsho steng bde ldan gling du gtan la phab tshe drung yig mi bzhis rna lam du dus gcig tu bsgrags nas sor mo'i gzhu la rlung gi mda' skyon nas bris pa dge des mtha' bzhi 'gong po'i ru mtshon 'gyel zhing / gsang chen g.yung drung bstan pa'i rgyal mtshan dus gsum du nub pa med par 'dzug par gyur cig