Catalog entry rKTs-B3587
སེང་གདོང་ཁྲོས་མའི་ཐུགས་ཏིག་ལས་སྒྲུབ་གཞུང་ཡིད་བཞིན་ནོར་བུའི་ཟབ་དོན་སྙིང་པོ་ཡང་དྲིལ
seng gdong khros ma'i thugs tig las sgrub gzhung yid bzhin nor bu'i zab don snying po yang dril




Bkt54.34

སེང་གདོང་ཁྲོས་མའི་ཐུགས་ཏིག་ལས་སྒྲུབ་གཞུང་ཡིད་བཞིན་ནོར་བུའི་ཟབ་དོན་སྙིང་པོ་ཡང་དྲིལ
seng gdong khros ma'i thugs tig las sgrub gzhung yid bzhin nor bu'i zab don snying po yang dril


Location
set MW30498: volume hUM chen g+hu ru rtsa gsum - folios 1a1-15a4

Colophon
ཅེས་པའང་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་ཡི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཟབ་དོན་སྙིང་པོ་ཡང་དྲིལ་དམར་ལ་ཟབ་པ་འདི་ནི་བསྐལ་པ་ས་སྦྲེལ་ལོར་རིག་འཛིན་མཁའ་འགྲོའི་ལུང་བཞིན་གནས་ཆེན་སྨན་མོ་འདོད་དགུ་རིན་ཆེན་སྤུངས་རྫོང་ནས་སྔར་ཨོ་རྒྱན་སངསརྒྱས་གླིང་པ་དང་གཏེར་སྟོན་བདེ་ཆེན་གླིང་པ་ཟུང་གིས་གཏེར་འཕྲོ་ལུས་པ་རྣམས་རང་འབྱུང་གི་483རྡོལ་ཏེ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་བསྟན་འགྲོའི་རེ་བ་བསྐངས་ཅིང་འགྲོ་དོན་གྲུབ་པ་དང་མཉམ་དུ་ཨོ་རྒྱན་བདེ་ཆེན་གླིང་པའི་ལུང་ཟིན་མཁའ་འགྲོ་འོད་ལྡན་འབར་མའི་སྤྲུལ་པ་ཌཀྐི་བདེ་ཆེན་རིག་འཛིན་ཀུན་གྲོལ་སྣང་ལམ་ལ་ཅི་ཆ་མེད་པར་དབྱིངས་ནས་མཁའ་འགྲོ་ལྔ་བདུན་དུ་བྱུང་སྟེ་མགྲིན་གཅིག་ཏུ་འདི་སྐད་གྲུབ་བརྒྱའི་སྙིང་བཅུད་ཟབ་དགུའི་གཏེར་སེང་གདོང་ཁྲོས་མའི་ཐུགས་ཏིག་དེ་རྩི་རྟ་འདྲ་བའི་བྲག་ལ་ཡོད་ཐབས་ཤེས་རྒྱ་མདུད་ད་དཀྲོལ་རན་གྲི་སོར་རྟ་རྒྱུག་གཟབ་པར་གྱིས་བྷ་ལིང་བྱིན་དང་རོག་དན་བྱ་གསུངས་ནས་བདག་ལ་རིན་པོ་ཆེ་སྣ་ལྔ་ལ་གྲུབ་པའི་ལྡེ་མིག་ཞིག་བྱིན་བྱུང་ཕྱིར་ཉིན་གསུངས་པ་དང་མ་ཟད་ནང་ཀ་གཟིམ་གུར་དུ་བླ་གྲཝ་དཔོན་བློན་ཐམས་ཅད་འདུས་ནས་ཡོད་སྐབས་གུར་སྟེང་བྱ་རོག་ཞིག་བབས་ནས་གོ་མ་མྱོང་བའི་བརྡ་སྐད་མང་པོ་བསྒྱུར་བའི་རང་གི་སྣང་ལམ་ལ་ཨ་ཡེ་རིག་འཛིན་སྙིང་བཅུད་ཟབ་མོའི་གཏེར་སེང་གེ་རྣམ་རོལ་བྲག་ལ་ཡོད་བསྲུང་(སྲུང)་བྱེད་གཟའ་གདོན་སྤུ་གྲི་ཡིན་དེ་སྔ་བར་དུ་བདག་གིས་བསྲུངས་ད་ལྟ་བདག་པོ་ཁྱོད་ལ་གཏད་བཏང་བཞག་ཚོད་ལ་མཁས་པར་གྱིས་ཞེས་ཟེར་བ་སྣང་ཡིད་གཉིས་ཐེ་ཚོམ་མེད་པར་ངང་པ་མཚོ་ལ་སྙེགས་པ་བཞིན་ཕྱོགས་དེར་སོང་ཞིང་རིན་ཆེན་བྲག་གི་ཐེམ་སྐས་མང་པོར་ཡར་འཛེགས་པས་སྔར་རིག་འཛིན་གཡུ་སྒྲ་སྙིང་པོའི་ཏིང་འཛིན་སྐྱོངས་གནས་ཨེ་ཡིན་སྙམ་པའི་ཁུང་དུ་དལ་ཙམ་བལྟས་པའི་བར་སྣང་སྤྲིན་དཀར་ལང་ལིང་དཀྲིགས་པའི་དབུས་ནས་ཡུམ་ཆེན་མཁའ་འགྲོ་སེང་གདོང་ཁྲོས་མའི་སྐུ་མངོན་མདོག་ལས་བྱུང་ཞིང་ཡུད་རིང་ཙམ་བྱུང་དེ་ནས་གཏེར་རྒྱ་གཉེན་པོ་བཀྲོལ་བའི་དངོས་གྲུབ་རྙེད་ཅིང་གུང་ཁུག་ཏུ་དྲིལ་བར་བྱས་སླར་རིམ་ཅན་བཀའ་རྒྱ་ཁྲོལ་བའི་དུས་ལ་བབ་ཚེ་སྔ་ནས་གྲུབ་བརྒྱའི་གཙུག་རྒྱན་ཤར་རྫ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་ཁྱུང་དཀར་མཐོང་གྲོལ་གྱི་འདྲེན་(འགྲན)་བྲལ་གྲུབ་ཐོབ་སྨོན་ལམ་རྒྱལ་མཚན་འཕགས་མཆོག་ཉག་གཏེར་གསང་སྔགས་གླིང་པ་བླ་ཁྲི་རྒྱལ་བ་གཡུང་དྲུང་སྟག་བཙུན་སེང་གེ་ཉི་མ་ལ་སོགས་དམ་པ་དེ་རྣམས་ཀྱིས་ཁྱོད་ལ་བཀའ་གཏེར་དག་སྣང་སྙན་རྒྱུད་སོགས་ཇི་ཡོད་ཕབ་དགོས་ཀྱི་ནན་བསྐུལ་མཛད་པ་དང་ཉེ་བར་སེམས་དཔའ་ཀུན་མཁྱེན་ཐུགས་རྗེ་ཉི་མ་བླ་མ་གཡུང་དྲུང་འགྱུར་མེད་གཡུང་དྲུང་གྲགས་པ་སྐུ་མཆེད་ཧོར་སྲས་བསོད་ནམས་རྒྱལ་མཚན་བྲ་བཙུན་རྒྱལ་མཚན་བསྟན་འཛིན་དད་སྦྱིན་མ་ཎཾ་དང་ར་སོགས་མོས་ལྡན་འགའ་ཡིས་ལུང་ལྟར་དུས་ཀྱི་བསྐལ་ཁུག་གསོ་བའི་ཆེད་དུ་ཕབ་གྲུབ་ནན་བསྐུལ་ལ་བརྟེན་ནས་ཧོར་ཡུལ་གི་(གྱི)་ས་གནད་འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་བྱིན་གྱི་(གྱིས)་བརླབས་པའི་གཤིན་རྗེ་ཡ་མ་ར་ཙའི་གནས་རི་བྲག་དཀར་སེང་གེ་འདྲ་བའི་མདུན་ཞོལ་དད་སྦྱིན་གྱི་མཆོད་ཁང་ཡང་ཐོག་ཏུ་རིགས་མཐུན་ཌཀྐིའི་གྲོགས་བགྱིས་ཏེ་ཧཱུཾ་ཆེན་འགྲོ་འདུལ་པད་མ་གླིང་པས་ཤོག་སེར་ལ་དག་པར་ཕབ་པས་དགེ་དེས་ཟབ་གཏེར་རིན་པོ་ཆེ་ཉི་ཟླའི་འོད་ཟེར་ཇི་བཞིན་ཡོངས་སུ་ཁྱབ་པར་ཤོག་ཅིག་གི་སྨོན་པ་དང་བཅས།།
ces pa'ang ye shes kyi mkha' 'gro seng gdong ma yi thugs sgrub yid bzhin nor bu'i zab don snying po yang dril dmar la zab pa 'di ni bskal pa sa sbrel lor rig 'dzin mkha' 'gro'i lung bzhin gnas chen sman mo 'dod dgu rin chen spungs rdzong nas sngar o rgyan sangasargyas gling pa dang gter ston bde chen gling pa zung gis gter 'phro lus pa rnams rang 'byung gi 483rdol te rten 'brel phun sum tshogs pa'i bstan 'gro'i re ba bskangs cing 'gro don grub pa dang mnyam du o rgyan bde chen gling pa'i lung zin mkha' 'gro 'od ldan 'bar ma'i sprul pa Dak+ki bde chen rig 'dzin kun grol snang lam la ci cha med par dbyings nas mkha' 'gro lnga bdun du byung ste mgrin gcig tu 'di skad grub brgya'i snying bcud zab dgu'i gter seng gdong khros ma'i thugs tig de rtsi rta 'dra ba'i brag la yod thabs shes rgya mdud da dkrol ran gri sor rta rgyug gzab par gyis b+ha ling byin dang rog dan bya gsungs nas bdag la rin po che sna lnga la grub pa'i lde mig zhig byin byung phyir nyin gsungs pa dang ma zad nang ka gzim gur du bla grwa dpon blon thams cad 'dus nas yod skabs gur steng bya rog zhig babs nas go ma myong ba'i brda skad mang po bsgyur ba'i rang gi snang lam la a ye rig 'dzin snying bcud zab mo'i gter seng ge rnam rol brag la yod bsrung (srung) byed gza' gdon spu gri yin de snga bar du bdag gis bsrungs da lta bdag po khyod la gtad btang bzhag tshod la mkhas par gyis zhes zer ba snang yid gnyis the tshom med par ngang pa mtsho la snyegs pa bzhin phyogs der song zhing rin chen brag gi them skas mang por yar 'dzegs pas sngar rig 'dzin g.yu sgra snying po'i ting 'dzin skyongs gnas e yin snyam pa'i khung du dal tsam bltas pa'i bar snang sprin dkar lang ling dkrigs pa'i dbus nas yum chen mkha' 'gro seng gdong khros ma'i sku mngon mdog las byung zhing yud ring tsam byung de nas gter rgya gnyen po bkrol ba'i dngos grub rnyed cing gung khug tu dril bar byas slar rim can bka' rgya khrol ba'i dus la bab tshe snga nas grub brgya'i gtsug rgyan shar rdza rin po che bkra shis rgyal mtshan khyung dkar mthong grol gyi 'dren ('gran) bral grub thob smon lam rgyal mtshan 'phags mchog nyag gter gsang sngags gling pa bla khri rgyal ba g.yung drung stag btsun seng ge nyi ma la sogs dam pa de rnams kyis khyod la bka' gter dag snang snyan rgyud sogs ji yod phab dgos kyi nan bskul mdzad pa dang nye bar sems dpa' kun mkhyen thugs rje nyi ma bla ma g.yung drung 'gyur med g.yung drung grags pa sku mched hor sras bsod nams rgyal mtshan bra btsun rgyal mtshan bstan 'dzin dad sbyin ma NaM dang ra sogs mos ldan 'ga' yis lung ltar dus kyi bskal khug gso ba'i ched du phab grub nan bskul la brten nas hor yul gi (gyi) sa gnad 'chi med rgyal ba yab sras kyi byin gyi (gyis) brlabs pa'i gshin rje ya ma ra tsa'i gnas ri brag dkar seng ge 'dra ba'i mdun zhol dad sbyin gyi mchod khang yang thog tu rigs mthun Dak+ki'i grogs bgyis te hUM chen 'gro 'dul pad ma gling pas shog ser la dag par phab pas dge des zab gter rin po che nyi zla'i 'od zer ji bzhin yongs su khyab par shog cig gi smon pa dang bcas//


Additional miscellaneous Collections

Mongolian Canon


source rKTs &