Colophon ཞེས་སྤྱི་འདུས་དྲན་པ་རྩ་གསུམ་གྱི་མཁའ་འགྲོའི་དགོངས་དོན་ལྷ་མོའི་ཐུགས་ཀྱི་བརྟན་(ཏན)་ཏྲ་འདི་ནི་ཡུལ་ཞང་ཞུང་གི་ཕྱི་སྒོ་གྱིམ་ཤོད་རི་བོ་རྩེ་དྲུག་ནས་གཏེར་བདག་དམ་ཅན་གྱིས་སངས་རྒྱས་གདུང་ཚོབ་བོན་རིའི་མདུན་ནས་ཕུལ་ཞིང་སླར་བཀའ་རྒྱ་གྲོལ་དུས་གཏན་ལ་ཕབ་འཕྲོས་གཞན་རྐྱེན་གྱིས་རེ་ཞིག་འགགས་ཀྱང་སླར་བོན་ཉིད་མཁའ་ཡི་ཡུམ་དང་ཐབས་ཅིག་ཏུ་རོལ་པའི་བཀའ་དྲིན་ལས་བྱུང་བ་དང་མ་ཟད་སེམས་དཔའ་ནམ་མཁའ་གྲགས་པ་དང་སེམས་དཔའ་ཐུགས་རྗེ་ཉི་མ་ལུང་ཟིན་བསྟན་པ་འབྲུག་གྲགས་དང་ཀུན་འབྱུང་གྲགས་པ་དད་སྦྱིན་ཧོར་སྲས་བསོད་ནམས་རྒྱལ་མཚན་དང་བྲའོ་རྒྱལ་བསྟན་མ་ནི་དང་ར་སོགས་ལས་ཅན་ཡོངས་ཀྱི་ངོ་སྐལ་དུ་ཧཱུཾ་ཆེན་འགྲོ་འདུལ་པད་མ་གར་གྱི་དབང་ཕྱུག་པས་ཌཀྐི་དབང་གཞུ་བཀྲ་བའི་དགེ་མཚན་གྱི་དཔལ་འབར་བའི་ཉིན་པར་གྲུབ་པས་དགེ་དེས་གྱེར་བསྟན་འཕྲིན་ལས་འཁོར་ལོས་སྣང་སྲིད་དབང་ལ་བསྒྱུར་བའི་སྨོན་ལམ་དང་བཅས་ zhes spyi 'dus dran pa rtsa gsum gyi mkha' 'gro'i dgongs don lha mo'i thugs kyi brtan (tan) tra 'di ni yul zhang zhung gi phyi sgo gyim shod ri bo rtse drug nas gter bdag dam can gyis sangs rgyas gdung tshob bon ri'i mdun nas phul zhing slar bka' rgya grol dus gtan la phab 'phros gzhan rkyen gyis re zhig 'gags kyang slar bon nyid mkha' yi yum dang thabs cig tu rol pa'i bka' drin las byung ba dang ma zad sems dpa' nam mkha' grags pa dang sems dpa' thugs rje nyi ma lung zin bstan pa 'brug grags dang kun 'byung grags pa dad sbyin hor sras bsod nams rgyal mtshan dang bra'o rgyal bstan ma ni dang ra sogs las can yongs kyi ngo skal du hUM chen 'gro 'dul pad ma gar gyi dbang phyug pas Dak+ki dbang gzhu bkra ba'i dge mtshan gyi dpal 'bar ba'i nyin par grub pas dge des gyer bstan 'phrin las 'khor los snang srid dbang la bsgyur ba'i smon lam dang bcas