Catalog entry rKTs-B3555
སྤྱི་འདུས་དྲན་པའི་ཐུགས་ཏིག་ལས་རྩ་གསུམ་ཡང་སྙིང་སྒྲུབ་པ་གསང་ཆེན་ཡིད་བཞིན་ནོར་བུའི་རྒྱ་མཚོ
spyi 'dus dran pa'i thugs tig las rtsa gsum yang snying sgrub pa gsang chen yid bzhin nor bu'i rgya mtsho




Bkt54.1

སྤྱི་འདུས་དྲན་པའི་ཐུགས་ཏིག་ལས་རྩ་གསུམ་ཡང་སྙིང་བསྒྲུབ་པ་གསང་ཆེན་ཡིད་བཞིན་ནོར་བུའི་རྒྱ་མཚོ
spyi 'dus dran pa'i thugs tig las rtsa gsum yang snying bsgrub pa gsang chen yid bzhin nor bu'i rgya mtsho


Location
set MW30498: volume hUM chen g+hu ru rtsa gsum - folios 1a1-17a6

Colophon
ཅེས་སྤྱི་འདུས་དྲན་པའི་ཐུགས་ཏིག་ལས་རྩ་གསུམ་ཡང་སྙིང་གི་སྒྲུབ་ཐབས་གསང་ཆེན་ཡིད་བཞིན་ནོར་བུའི་རྒྱ་མཚོ་འདི་སྔ་ལོ་གཉེན་རྗེ་གབ་ཏོག་ཤེལ་གྱི་རྡོ་རིང་ནས་རྙེད་པའི་གཏེར་གྱི་ཁ་བྱང་ལས་རྒྱལ་ཀུན་མེས་པོའི་སྨྲི་ཏི་ཡི་ཐུགས་ཏིག་གྱིམ་ཤོད་གནས་ལ་ཡོད་བསྟན་འགྲོའི་དཔལ་གྱི་སྒྲོན་མེ་དེ་དམ་སྲི་རྫི་ཡི་འདའ་ལ་རེ་ཞེས་གསུངས་པ་དང་མ་ཟད་འཛམ་གླིང་གནས་བརྒྱའི་གཙོ་བོ་གྱེར་གྱི་རི་གསུམ་འདུས་པའི་འགྲོ་དོན་དུས་ལ་ཕེབས་ཐོག་ལམ་བར་དུཿ་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དུ་ཕྱིན་པའི་སྣང་བ་ཤར་ཚེ་ཡབ་ཅིག་དྲན་པ་ནམ་མཁའི་(མཁས)་ཞལ་འཛུམ་པར་དང་བཅས་ཏེ་ཨ་ཧོ་རིག་བརྒྱའི་འདུས་གཙོ་ང་ཉིད་ཀྱིས་བསྒྲུབ་ཐབས་ཤེལ་ལེ་རྫོང་དུ་ཡོད་རྫུ་འཕྲུལ་རྩལ་གྱིས་ལེན་པར་འོས་ཞེས་སོགས་ལུང་སྔ་ཕྱིའི་(ཕྱིས)་བསྔགས་བཞིན་རིག་འཛིན་གྱི་ཚོགས་བསྐང་(སྐོང)་རྒྱ་ཆེར་འབུལ་ཞིང་གཏེར་བདག་ཉེ་བར་བསྐུལ་རྗེས་ཡུལ་ཞང་ཞུང་སྒོ་ཕུག་བར་གྱི་ཕྱི་སྒོ་ཤོད་ཆེན་བཅོ་བརྒྱད་ལ་གྱིམ་ཤོད་ཁྱུང་གི་ཡུལ་རྫོང་དྲུག་ལ་ཤེལ་ལེ་རྫོང་ཅེས་པ་འཆི་མེད་དྲན་པ་ཡབ་སྲས་ལ་སོགས་རིག་འཛིན་གྲུབ་ཆེན་བརྒྱད་བཅུའི་རྟགས་སུ་(རྟག་ཏུ)་གཟིགས་པས་(པའི)་གནས་ཁྱད་པར་འཕགས་པ་ལ་གཏེར་བདག་གྱིས་གནས་སུ་ཁྱེར་ཏེ་ཀ་ཡེ་རིག་འཛིན་ཐུགས་ཀྱི་སྲས་འཆི་མེད་དྲན་པའི་ཐུགས་ཏིག་འདི་ལས་ཀྱི་འཕྲོ་ལྡན་ཁྱོད་ལ་སྤྲད་རྒྱལ་བསྟན་ཉི་འོད་གསལ་བ་ཡིས་འགྲོ་ཀུན་སྡུག་བསྔལ་མཚོ་སྐེམས་མཛོད་ཅེས་ཟེར་ཅིང་མདུན་དུ་ཚག་སྒྲ་དང་བཅས་ཏེ་ལྷུང་བྱུང་བར་ཁ་རང་དབྱེ་སོང་ནས་དྲི་བཟང་སྤོས་ཀྱི་ངད་པ་ཉུ་ཐུ་ལེ་རུ་བྱུང་ཞིང་དམ་དུ་དྲིལ་བར་བྱས་སླར་རིམ་ཅན་བཀའ་རྒྱ་གྲོལ་ཚེ་སེམས་དཔའ་སྨོན་རྒྱལ་ནམ་མཁའ་གྲགས་པ་དང་སེམས་དཔའ་ཀུན་མཁྱེན་ཐུགས་རྗེ་ཐུགས་རྗེ་ཉི་མའམ། བསྟན་སྦྱིན་སོ་བརྒྱད་མཁན་པོ་གཡུང་དྲུང་འགྱུར་མེད་ལུང་ཟིན་སྤྲུལ་སྐུ་སྤ་སྟོན་བསྟན་པ་འབྲུག་གྲགས་བཀའ་བབས་རྒྱལ་སྤྲུལ་བློ་ལྡན་དང་དབུས་ཕུག་མཚམས་པ་རིན་པོ་ཆེ་སྟག་བྲོ་མཁན་པོ་དད་སྦྱིན་བྲའོ་དབྲ་ཁྱུང་སོགས་ལས་ཅན་ཡོངས་ཀྱི་ངོ་བསྐལ་(སྐལ)་དུ་ལྕགས་རྟ་ཟླ་ཚེས་བཟང་པོར་སྟག་བྲོ་གཡུང་དྲུང་དགའ་ཚལ་དུ་ཨོ་རྒྱན་པད་མ་གླིང་པས་ཤོག་སེར་ལས་ཞལ་བཤུས་ཏེ་ཐོག་མའི་དྲུང་ཡིག་པ་ནི་སེམས་དཔའ་ཐུགས་རྗེ་ཉི་མ་དངོས་སློབ་ཕྲིན་ལས་ལྷུན་གྲུབ་ཨ་མདོ་དྲུང་ཡིག་བྲ་བོ་རྒྱ་མཚོ་བཅས་མི་ངོ་བཞི་ཡིས་བྱས་ཏེ་གཏན་ལ་ཕབས་(ཕབ)་གྲུབ་པའོ་
ces spyi 'dus dran pa'i thugs tig las rtsa gsum yang snying gi sgrub thabs gsang chen yid bzhin nor bu'i rgya mtsho 'di snga lo gnyen rje gab tog shel gyi rdo ring nas rnyed pa'i gter gyi kha byang las rgyal kun mes po'i smri ti yi thugs tig gyim shod gnas la yod bstan 'gro'i dpal gyi sgron me de dam sri rdzi yi 'da' la re zhes gsungs pa dang ma zad 'dzam gling gnas brgya'i gtso bo gyer gyi ri gsum 'dus pa'i 'gro don dus la phebs thog lam bar duH rig 'dzin mkha' 'gro'i tshogs gral du phyin pa'i snang ba shar tshe yab cig dran pa nam mkha'i (mkhas) zhal 'dzum par dang bcas te a ho rig brgya'i 'dus gtso nga nyid kyis bsgrub thabs shel le rdzong du yod rdzu 'phrul rtsal gyis len par 'os zhes sogs lung snga phyi'i (phyis) bsngags bzhin rig 'dzin gyi tshogs bskang (skong) rgya cher 'bul zhing gter bdag nye bar bskul rjes yul zhang zhung sgo phug bar gyi phyi sgo shod chen bco brgyad la gyim shod khyung gi yul rdzong drug la shel le rdzong ces pa 'chi med dran pa yab sras la sogs rig 'dzin grub chen brgyad bcu'i rtags su (rtag tu) gzigs pas (pa'i) gnas khyad par 'phags pa la gter bdag gyis gnas su khyer te ka ye rig 'dzin thugs kyi sras 'chi med dran pa'i thugs tig 'di las kyi 'phro ldan khyod la sprad rgyal bstan nyi 'od gsal ba yis 'gro kun sdug bsngal mtsho skems mdzod ces zer cing mdun du tshag sgra dang bcas te lhung byung bar kha rang dbye song nas dri bzang spos kyi ngad pa nyu thu le ru byung zhing dam du dril bar byas slar rim can bka' rgya grol tshe sems dpa' smon rgyal nam mkha' grags pa dang sems dpa' kun mkhyen thugs rje thugs rje nyi ma'am/ bstan sbyin so brgyad mkhan po g.yung drung 'gyur med lung zin sprul sku spa ston bstan pa 'brug grags bka' babs rgyal sprul blo ldan dang dbus phug mtshams pa rin po che stag bro mkhan po dad sbyin bra'o dbra khyung sogs las can yongs kyi ngo bskal (skal) du lcags rta zla tshes bzang por stag bro g.yung drung dga' tshal du o rgyan pad ma gling pas shog ser las zhal bshus te thog ma'i drung yig pa ni sems dpa' thugs rje nyi ma dngos slob phrin las lhun grub a mdo drung yig bra bo rgya mtsho bcas mi ngo bzhi yis byas te gtan la phabs (phab) grub pa'o


Additional miscellaneous Collections

Mongolian Canon


source rKTs &