Catalog entry rKTs-B3419
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་ཕྱག་བཞེས་རིན་ཆེན་ཚོགས་གཉིས་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག
gsas mkhar rin po che spyi spungs rtsod pa zlog pa'i tshom bu tshogs sgrub chen po'i phyag bzhes rin chen tshogs gnyis gter gyi sgo brgya 'byed pa'i lde mig




Bkt50.5

གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་ཕྱག་བཞེས་རིན་ཆེན་ཚོགས་གཉིས་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག
gsas mkhar rin po che spyi spungs rtsod pa zlog pa'i tshom bu tshogs sgrub chen po'i phyag bzhes rin chen tshogs gnyis gter gyi sgo brgya 'byed pa'i lde mig


Location
set MW30498: volume rtsod zlog 1 - folios 1a1-49b6

Colophon
ཞེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་བཟློག་(ཟློག)པའི་ཚོམ་བུ་ཚོགས་སྒྲབ་ཆེན་པོའི་ཕྱག་བཞེས་ཚོགས་གཉིས་རིན་ཆེན་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་འདི་ཉིད་དཔལ་གཤེན་བསྟན་རིན་ཆེན་གླིང་གི་དགེ་རྒན་ཚུལ་ཁྲིམས་ཉི་མ་ནས་རབ་དཀར་ལྷ་རྫས་དྲི་བྲལ་མཚམས་སྦྱར་ནས་བསྐུལ་བ་དང་། ཉེ་བར་ཧོར་དྲུག་ཅུའི་ཕུར་དགོན་འོལ་མའི་ཚལ་དུས་གསོའི་ཞབས་རྟེན་ཆེད་དམིགས་ཀྱི་ངོས་ནས་གསས་མཁར་སྤྱི་སྤངས་རིན་ཆེན་ཚོགས་སྒྲབ་ཆེན་མོ་ལོ་ནར་རྒྱན་འཛུགས་གྲུབ་ཟིན་པས་སྐབས་སུ་བསྟན་འཛིན་དྲང་སྲོང་མཚུངས་བྲལ་བློ་གྲོས་ཉི་མ་སོགས་བླ་གྲཝ་རྣམས་ནས་བྲིས་གཞིའི་ཤོག་བུ་བཅས་ནན་བསྐུལ་མི་ལྡོག་པ། དུས་ཀྱི་དགེ་བྱེད་མིང་འཛིན་ཐོས་བསམ་གྱི་ཆ་འཕྲ་སྤ་རིགས་རྣལ་འབྱོར་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོ་འབོད་པ་དེས་རྒྱལ་བ་མཉམ་མེད་ཆེན་པོའི་ཕྱག་ལེན་གཞིར་བཞག་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་གསང་བའི་རྒྱུད་ཆེན་དགོངས་དོན་དང་འབྲེལ་ཞིང་། སྤྲུལ་པའི་སྐུ་མཆོག་བློ་ལྡན་དྲི་མེད་སྙིང་པོའི་སྐྱེ་སྲིད་རིམ་པ་མཁའ་སྤྱོད་ཚོགས་གྲལ་ནས་གཟིགས་སྣང་ཤར་བའི་ཕྱག་ལེན་རྣམ་པར་དག་པས་ཟུར་རྒྱན་ཏིང་འཛིན་དང་ཚིག་བཤད་སོགས་ལ་འཁྱལ་ཚིག་བསྲེ་སླད་མེད་པ་བཀའ་ལུང་དྲི་མ་མེད་པ་རྣམས་ནས་བཏུས་སྟེ་(ཏེ)་། དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་གི་བླ་བྲང་དབུ་རྩེ་ཟིལ་གནོན་རབ་གསལ་ཁང་དུ་དཀར་པོ་ཞེས་ས་སྦྲུལ་ལོའི་མར་པའི་ལས་རླུང་ཕྱེད་བཅས་སོ་གཉིས་རྒྱུ་བའི་རྗེས་སུ་དྷུ་ཏིར་ཡེ་ཤེས་ཀྱི་རླུང་རག་པ་རེ་རེ་རྒྱུ་བའི་ཆེ་(ཆད)་ལྷག་བསགས་པས་ཕྱི་རུ་ཚེས་ཟླ་བཤོལ་བར་སོང་པས་ཕྱི་མའི་དམར་ཕྱོགས་བཟང་པོའི་དང་པོའི་ཉིན་པར་རེས་གཟའ་རྟ་བདུན་ཅན་གྱི་རྒྱུད་དབུག་གྱུར་བརྩེ་བའི་བདུད་རྩི་ཐུན་མཚམས་སུ་ཁྲིགས་སུ་བྲིས་བགྱིས་པས། དགེ་དེས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ནུབ་མེད་སྲིད་མཐའི་བར་གནས་པའི་རྒྱུ་རུ་གྱུར་ཅིག།
zhes gsas mkhar rin po che spyi spungs rtsod pa bzlog (zlog)pa'i tshom bu tshogs sgrab chen po'i phyag bzhes tshogs gnyis rin chen gter gyi sgo brgya 'byed pa'i lde mig ces bya ba 'di nyid dpal gshen bstan rin chen gling gi dge rgan tshul khrims nyi ma nas rab dkar lha rdzas dri bral mtshams sbyar nas bskul ba dang / nye bar hor drug cu'i phur dgon 'ol ma'i tshal dus gso'i zhabs rten ched dmigs kyi ngos nas gsas mkhar spyi spangs rin chen tshogs sgrab chen mo lo nar rgyan 'dzugs grub zin pas skabs su bstan 'dzin drang srong mtshungs bral blo gros nyi ma sogs bla grwa rnams nas bris gzhi'i shog bu bcas nan bskul mi ldog pa/ dus kyi dge byed ming 'dzin thos bsam gyi cha 'phra spa rigs rnal 'byor g.yung drung bstan pa 'brug grags bsod nams dpal bzang po 'bod pa des rgyal ba mnyam med chen po'i phyag len gzhir bzhag gsas mkhar rin po che spyi spungs kyi gsang ba'i rgyud chen dgongs don dang 'brel zhing / sprul pa'i sku mchog blo ldan dri med snying po'i skye srid rim pa mkha' spyod tshogs gral nas gzigs snang shar ba'i phyag len rnam par dag pas zur rgyan ting 'dzin dang tshig bshad sogs la 'khyal tshig bsre slad med pa bka' lung dri ma med pa rnams nas btus ste (te) / dpal gshen bstan g.yung drung rab brtan gling gi bla brang dbu rtse zil gnon rab gsal khang du dkar po zhes sa sbrul lo'i mar pa'i las rlung phyed bcas so gnyis rgyu ba'i rjes su d+hu tir ye shes kyi rlung rag pa re re rgyu ba'i che (chad) lhag bsags pas phyi ru tshes zla bshol bar song pas phyi ma'i dmar phyogs bzang po'i dang po'i nyin par res gza' rta bdun can gyi rgyud dbug gyur brtse ba'i bdud rtsi thun mtshams su khrigs su bris bgyis pas/ dge des bshad sgrub kyi bstan pa rin po che nub med srid mtha'i bar gnas pa'i rgyu ru gyur cig/

Bkt168.9

གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་ཕྱག་བཞེས་རིན་ཆེན་ཚོགས་གཉིས་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག
gsas mkhar rin po che spyi spungs rtsod pa zlog pa'i tshom bu tshogs sgrub chen po'i phyag bzhes rin chen tshogs gnyis gter gyi sgo brgya 'byed pa'i lde mig


Location
set MW30498: volume 'od zer 'khyil pa - folios 1a1-50a4

Colophon
ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་རྩོད་པ་ཟློག་པའི་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་ཕྱག་བཞེས་ཚོགས་གཉིས་རིན་ཆེན་གཏེར་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་འདི་ཉིད་དཔལ་གཤེན་བསྟན་རིན་ཆེན་གླིང་གི་དགེ་རྒེན་(རྒན)་ཚུལ་ཁྲིམས་ཉི་མ་ནས་རབ་དཀར་ལྷ་རྫས་དྲི་མེད་ཀྱིས་མཚམས་སྦྱར་ནས་བསྐུལ་པ་དང། ཉེ་བར་ཧོར་དྲུག་ཅུའི་ཕུར་དགོན་འོ་མ་ཚལ་དུ་དུས་གསོའི་ཞབས་བརྟན་ཆེད་དམིགས་ཀྱི་ངོས་ནས་གསས་མཁར་སྤྱི་སྤུངས་རིན་ཆེན་འདི་ཡི་ཚོགས་སྒྲུབ་ཆེན་མོ་ལོ་ནར་རྒྱུན་འཛུག་གྲུབ་ཟིན་པའི་སྐབས་སུ་བསྟན་འཛིན་དྲང་སྲོང་མཚུངས་བྲལ་བློ་གྲོས་ཉི་མ་སོགས་བླ་གྲཝ་རྣམས་ནས་བྲིས་གཞིའི་ཤོག་བུ་དང་བཅས་ཡང་ནན་བསྐུལ་ངོར་མ་ལྡོག་པ། དུས་ཀྱི་དགེ་བྱེད་མིང་འཛིན་ཐོས་བསམ་གྱི་ཆ་འཕྲ་བའི་སྤ་རིགས་རྣལ་འབྱོར་གཡུང་དྲུང་བསྟན་པ་འབྲུག་གྲགས་བསོད་ནམས་དཔལ་བཟང་པོ་འབོད་པ་དེས་རྒྱལ་བ་མཉམ་མེད་ཆེན་པོའི་ཕྱག་ལེན་གཞིར་བཞག་གསས་མཁར་རིན་ཆེན་སྤྱི་སྤུངས་ཀྱི་གཡུང་དྲུང་གསང་བའི་རྒྱུད་ཆེན་དྲུག་གི་དགོངས་དོན་དང་འབྲེལ་ཞིང་། སྤྲུལ་པའི་སྐུ་མཆོག་བློ་ལྡན་དྲི་མེད་སྙིང་པོའི་སྐྱེ་སྲིད་རིམ་པས་མཁའ་སྤྱོད་ཚོགས་གྲལ་ནས་གཟིགས་སྣང་ཤར་བའི་ཕྱག་ལེན་རྣམ་པར་དག་པའི། ཟུར་རྒྱན་ཏིང་འཛིན་དང་ཚིག་བཤད་སོགས་ལ་འཁྱལ་ཚིག་གིས་བསྲེ་སླད་མེད་པར་བཀའ་ལུང་དྲི་མ་མེད་པ་རྣམས་ནས་བཏུས་ཏེ། དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གི་(གྱི)་བླ་བྲང་དབུ་རྩེ་ཟིལ་གནོན་རབ་གསལ་ཁང་དུ་དཀར་པོ་ཞེས་པ་ས་སྦྲུལ་ལོར་ཐ་མལ་པའི་ལས་རླུང་ཕྱེད་བཅས་སོ་གཉིས་རྒྱུ་བའི་རྗེས་སུ་དྷུ་ཏིར་ཡེ་ཤེས་ཀྱི་རླུང་རགས་པས་རེ་རེག་རྒྱུ་བའི་ཆ་ལྷག་བསགས་པས་ཕྱི་རུ་ཚེས་ཟླ་བཤོལ་བར་སོང་བའི་ཁྲུམ་ཟླ་ཕྱི་མའི་དམར་ཕྱོགས་བཟང་པོ་དང་པོའི་ཉིན་པར་རེས་གཟའ་རྟ་བདུན་ཅན་གྱི་རྒྱུར་དབྱུ་གུར་བརྩེ་བའི་བདུད་རྩི་ཐུན་མཚམས་སུ་སུག་བྲིས་བགྱིས་པས། དགེ་དེས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ནུབ་མཻད་སྲིད་མཐའི་བར་དུ་གནས་པའི་རྒྱུ་རུ་གྱུར་ཅིག།
ces gsas mkhar rin po che spyi spungs rtsod pa zlog pa'i tshom bu tshogs sgrub chen po'i phyag bzhes tshogs gnyis rin chen gter gyi sgo brgya 'byed pa'i lde mig ces bya ba 'di nyid dpal gshen bstan rin chen gling gi dge rgen (rgan) tshul khrims nyi ma nas rab dkar lha rdzas dri med kyis mtshams sbyar nas bskul pa dang/ nye bar hor drug cu'i phur dgon 'o ma tshal du dus gso'i zhabs brtan ched dmigs kyi ngos nas gsas mkhar spyi spungs rin chen 'di yi tshogs sgrub chen mo lo nar rgyun 'dzug grub zin pa'i skabs su bstan 'dzin drang srong mtshungs bral blo gros nyi ma sogs bla grwa rnams nas bris gzhi'i shog bu dang bcas yang nan bskul ngor ma ldog pa/ dus kyi dge byed ming 'dzin thos bsam gyi cha 'phra ba'i spa rigs rnal 'byor g.yung drung bstan pa 'brug grags bsod nams dpal bzang po 'bod pa des rgyal ba mnyam med chen po'i phyag len gzhir bzhag gsas mkhar rin chen spyi spungs kyi g.yung drung gsang ba'i rgyud chen drug gi dgongs don dang 'brel zhing / sprul pa'i sku mchog blo ldan dri med snying po'i skye srid rim pas mkha' spyod tshogs gral nas gzigs snang shar ba'i phyag len rnam par dag pa'i/ zur rgyan ting 'dzin dang tshig bshad sogs la 'khyal tshig gis bsre slad med par bka' lung dri ma med pa rnams nas btus te/ dpal gshen bstan g.yung drung rab brtan gi (gyi) bla brang dbu rtse zil gnon rab gsal khang du dkar po zhes pa sa sbrul lor tha mal pa'i las rlung phyed bcas so gnyis rgyu ba'i rjes su d+hu tir ye shes kyi rlung rags pas re reg rgyu ba'i cha lhag bsags pas phyi ru tshes zla bshol bar song ba'i khrum zla phyi ma'i dmar phyogs bzang po dang po'i nyin par res gza' rta bdun can gyi rgyur dbyu gur brtse ba'i bdud rtsi thun mtshams su sug bris bgyis pas/ dge des bshad sgrub kyi bstan pa rin po che nub maid srid mtha'i bar du gnas pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &