Catalog entry rKTs-B3136
མཁའ་འགྲོ་དགོངས་པ་འདུས་པ་ལས་གཤེད་འདུར་ཀློག་ཞགས་ཐོག་དབལ
mkha' 'gro dgongs pa 'dus pa las gshed 'dur klog zhags thog dbal




Bkt43.62

མཁའ་འགྲོ་དགོངས་པ་འདུས་པ་ལས་གཤེད་འདུར་ཀློག་ཞགས་ཐོག་དབལ
mkha' 'gro dgongs pa 'dus pa las gshed 'dur klog zhags thog dbal


Location
set MW30498: volume gsang ba ye shes - folios 1a1-44a6

Colophon
ཅེས་གཤེད་འདུར་ཀློག་ཞགས་ཐོག་དབལ་འདི་ནི། གསང་འདུས་གཤེན་གྱི་མཛད་སྲོལ། བླ་ཆེན་ཡབ་སྲས་ཀྱི་ཐུགས་བཅུད། མཁའ་འགྲོ་སྡེ་ལྔའི་དགོངས་པ། སྲི་གཤེད་འདུར་གྱི་ཕྱག་ཆ། འོད་ལྡན་འབར་མའི་གསང་ལུང་། དུས་མཐའི་རྣམ་འབྱོར་མུ་ལ་བདག་གིས་ས་ཁྱི་ཧོར་ཟླ་བཞི་པའི་ཚེས་ལྔའི་ཐོ་རངས་སུ། མཚན་ལྡན་བུ་མོ་རིན་ཆེན་རུས་པའི་བརྒྱན་གྱིས་སྤྲས་པ་ཞིག་དལ་གྱིས་བྱུང་སྟེ། ཡི་གེ་དར་སྣ་ལྔ་ཡི་དྲིལ་བ་གྷ་(འགའ)་བདག་ལ་བྱིན་བྱུང་བ། རང་ཉམས་ཅི་ཡིན་དྲན་ཚེ། འདི་ནི་གསང་སྔགས་བླ་མེད་ཀྱི་བོན་གྷ་(འགའ)་ཡོད་པ་གསང་བདག་འཇའ་ཚོན་སྙིང་པོའི་བོན་སྐལ་གྱི་འཕྲོ་ཡིན་པས་ཁྱོད་རང་གི་བཏང་བཞག་འདི་ཚོད་ཟིན་པར་གྱིས་ཤིག་གསུངས་ནས་ལུང་དང་དབང་སོགས་གནང་བྱུང་བའི་སྣང་ཚུལ་ལྟར་རོ། དེ་ཡི་ནང་དུ་ཕྱི་ནང་གསང་བའི་བོན་འགའ་འདུག་ཀྱང་བདག་རྩོལ་བ་ཞན་པའི་(པས)་ལེ་ལོའི་དབང་དུ་སོང་ངོ་། དྲག་གཅོད་དང་གནད་གདམས་འདི་གཉིས་སྔོན་དུ་ཤོག་ཐོག་ཕབ་པའོ། གཤེད་འདུར་དང་ལས་བྱང་གཉིས་འདི་ནི་མི་ལོ་བཅུ་གཉིས་ལ་ལུས་སོང་ཡང་། ཆུ་བྱི་ལོ་ལ་རྩེ་དྲུག་བླ་མ་གཡུང་དྲུང་རིན་པོ་ཆེའི་བཀའ་ཡིས་བསྐུལ་བ་དང་། སླར་མོས་པ་ཅན་འགའ་ཡིས་ཞུ་བ་ལ་བརྟེན་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཚོགས་ལ་གསོལ་བ་ཡང་ཡང་བཏབ་ཏེ། བརྗེད་ངལ་(ངེས)་ཀྱི་དབང་དུ་སོང་བ་སྲིད་ན། མཐོལ་བཤགས་ཀྱི་སྒོ་ནས་ཆུ་ཁྱི་ཧོར་ཟླ་པའི་ཚེས་8་ལ་བཀོད་པ་དགེ་ལེགས་སུ་གྱུར་ཅིག།
ces gshed 'dur klog zhags thog dbal 'di ni/ gsang 'dus gshen gyi mdzad srol/ bla chen yab sras kyi thugs bcud/ mkha' 'gro sde lnga'i dgongs pa/ sri gshed 'dur gyi phyag cha/ 'od ldan 'bar ma'i gsang lung / dus mtha'i rnam 'byor mu la bdag gis sa khyi hor zla bzhi pa'i tshes lnga'i tho rangs su/ mtshan ldan bu mo rin chen rus pa'i brgyan gyis spras pa zhig dal gyis byung ste/ yi ge dar sna lnga yi dril ba g+ha ('ga') bdag la byin byung ba/ rang nyams ci yin dran tshe/ 'di ni gsang sngags bla med kyi bon g+ha ('ga') yod pa gsang bdag 'ja' tshon snying po'i bon skal gyi 'phro yin pas khyod rang gi btang bzhag 'di tshod zin par gyis shig gsungs nas lung dang dbang sogs gnang byung ba'i snang tshul ltar ro/ de yi nang du phyi nang gsang ba'i bon 'ga' 'dug kyang bdag rtsol ba zhan pa'i (pas) le lo'i dbang du song ngo / drag gcod dang gnad gdams 'di gnyis sngon du shog thog phab pa'o/ gshed 'dur dang las byang gnyis 'di ni mi lo bcu gnyis la lus song yang / chu byi lo la rtse drug bla ma g.yung drung rin po che'i bka' yis bskul ba dang / slar mos pa can 'ga' yis zhu ba la brten nas/ ye shes kyi mkha' 'gro ma tshogs la gsol ba yang yang btab te/ brjed ngal (nges) kyi dbang du song ba srid na/ mthol bshags kyi sgo nas chu khyi hor zla pa'i tshes 8 la bkod pa dge legs su gyur cig/


Additional miscellaneous Collections

Mongolian Canon


source rKTs &