མཁའ་འགྲོ་དགོངས་པ་ཀུན་འདུས་ལས་གསང་བ་ཡེ་ཤེས་ཡོན་ཏན་གྱི་སྒྲུབ་གཞུང་སྐྱེ་མེད་རོལ་པ mkha' 'gro dgongs pa kun 'dus las gsang ba ye shes yon tan gyi sgrub gzhung skye med rol pa
མཁའ་འགྲོ་དགོངས་པ་ཀུན་འདུས་ལས་གསང་བ་ཡེ་ཤེས་ཡོན་ཏན་གྱི་བསྒྲུབ་གཞུང་སྐྱེ་མེད་རོལ་པ mkha' 'gro dgongs pa kun 'dus las gsang ba ye shes yon tan gyi bsgrub gzhung skye med rol pa Bkt
Bkt43.38
མཁའ་འགྲོ་དགོངས་པ་ཀུན་འདུས་ལས་གསང་བ་ཡེ་ཤེས་ཡོན་ཏན་གྱི་བསྒྲུབ་གཞུང་སྐྱེ་མེད་རོལ་པ mkha' 'gro dgongs pa kun 'dus las gsang ba ye shes yon tan gyi bsgrub gzhung skye med rol pa
Location
set MW30498: volume gsang ba ye shes - folios 1a1-11b3
Colophon ཅེས་མཁའ་འགྲོ་གསང་བ་ཡེ་ཤེས་ཡོན་ཏན་གྱི་སྒྲུབ་པ་སྐྱེ་མེད་རོལ་པ་ཆེན་པོ་འདི་ནི། མཁའ་འགྲོ་རྒྱ་མཚོའི་ཞལ་ལུང་གི་དུས་གཅིག་མ་ཡིན་པར། ཡང་ཡང་སྐྱོངས་ཤིང་གུཀྱེ+ེ་ཌཀྐི་མ། བསྙེན་བསྒྲབ་གྲོགས་སྦྱོར་མ་བྱས་ཕྱིན་ཆད། སྲོག་གི་འདུ་ཤེས་ངེས་པར་ཞིག་གིས་ལུང་ལྟར། ལྔ་འདུས་ཀྱི་ཁང་བུ་ཡང*། བདེ་མེད་རྒྱུ་(སྒྱ)་མའི་ཕོ་བྲང་ཡང་ཡང་འཚལ་ཞིང་། རྣམ་ཤེས་མགྲོན་པོ་ཁོ་ཡང་རང་ཡུལ་དུ་བསྙེགས་པའི་ལྟས་མང་དུ་བྱུང་བ་དང*། ཉེ་བར་འཆི་མེད་རྒྱལ་བའི་བསྟན་པ་ལ། རྒྱལ་བ་ཉིད་དང་མཚུངས་པའི། ཞྭ་དམར་ཅོད་པན་འཛིན་པ་གསང་གྲགས་རིན་པོ་ཆེའི་གསང་དོན་ལས་ལ་སྦྱོར་དགོས་ཀྱིས་བཀའ་ལུང་གནུར་(གནད)་ལྗི་བ་ཕེབས་པ་དང*། གཞན་ཡང་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་བ་སྔགས་ཀྱི་བསྟན་པ་ལ་གུས་པ་མི་དམན་པ་རྣམས་ངེས་ཚིག་བོར་བའི་ཕྱིར། ཤར་རོང་རྣམ་དག་བཀོད་པའི་ཞིང་དུ་བཞུགས་པའི་དབྱིངས་ཀྱི་རྒྱལ་ཡུམ་ཆེན་མོ་རྣམས་ཀྱིས་(ཀྱི)་སྣང་བའི་གཟུགས་བརྙེན་རྣམས་དང་མཇལ་ཞིང་། རྟེན་འབྲེལ་ཐམས་ཅད་ལེགས་ལམ་དུ་ཨེ་འགྲོ་ཡི་རེ་བའི་མོས་ལ་སྤོ་ཡོ་ལུང་བར་བསྐྱོད། དེར་བཞུགས་ཀྱི་ཞིང་སྐྱོངས་མིའི་དབང་པོ་བསོད་ནམས་ཀྱི་རྒྱ་མཚོ་ཆེན་པོ་མངའ་ཐང་གི་ནོར་བུར་སྤུངས་པའི་ལུང་གྲགས་ཀྱི་བསྟན་སྦྱིན་དམ་པ་འདི་ཉིད་ནས། སྒོ་གསུམ་མི་ཕྱེད་དད་པའི་སྤུ་ལོངས་(ལོང)་གཡོ་བའི་གསུངས་འོས་ཟབ་རྒྱ་ཅན་གནང་བའི་ནོར། སྤྱལ་པའི་མཁའ་འགྲོ་ཆེན་མོ་ཀརྨ་མུ་ཏྲ་གཡུང་དྲུང་བདེ་བའི་སྨན་མཆོག་དམ་པ་དང་མཇལ་ནས་ཐུགས་ཉིད་བརྩེ་བ་ཆེན་པོའི་(པོས)་ངེས་པར་སྐྱོངས་བའི་བཀའ་དྲིན་ལ་བརྟེན། རྣལ་འབྱོར་སེམས་ཀྱི་སྤོས་ཐུན་རེང་བུ་ལ་བརྡ་ཡི་ཞུག་ལེ་ཚ་རེག་གིས་(གི)་ཡོར་ནུབ། ངེས་པ་དོན་གྱི་ཐིག་ལེ་དྲི་ངད་རབ་ཏུ་འཐུལ་པའི་ཟབ་གསང་སྙིང་པོ་འདི་ཀོ། དམུ་རྡོ་གཡུང་དྲུང་སྤུངས་རྩེའི་བྱང་ཕྱོགས་ལས་གྲུབ་རིགས་ཀྱི་ས་ཡི་ཐིག་ལེ་མཁའ་འགྲོ་འདུ་གནས་ཀ་ཀེའུ་སེང་གེ་ཡང་རྫོང་ཉི་མ་རང་ཤར་གྱི་གནས་མཆོག་སྐད་སྙན་བྱ་རིགས་མང་པོ་ཡིས། གསང་སྔགས་ཀྱི་དོན་ལ་ངེས་པར་འཇུག་པའི་སྒྲ་བསྙན་(སྙན)་པོ་ལྷང་ལྷང་སྒྲོགས་པའི་གནས་སུ། གསང་བདག་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོའི་(པོས)་ཐབས་ཤེས་རྟེན་འབྲེལ་གྱི་འཁོར་ལོ་རང་ཤུགས་བསྒྱུར་པའི་རྩལ་ལས་བྱུང་བ་མེ་འབྲུག་ཟླ་ཚེས་ལའོ།། ces mkha' 'gro gsang ba ye shes yon tan gyi sgrub pa skye med rol pa chen po 'di ni/ mkha' 'gro rgya mtsho'i zhal lung gi dus gcig ma yin par/ yang yang skyongs shing gukye+e Dak+ki ma/ bsnyen bsgrab grogs sbyor ma byas phyin chad/ srog gi 'du shes nges par zhig gis lung ltar/ lnga 'dus kyi khang bu yang*/ bde med rgyu (sgya) ma'i pho brang yang yang 'tshal zhing / rnam shes mgron po kho yang rang yul du bsnyegs pa'i ltas mang du byung ba dang*/ nye bar 'chi med rgyal ba'i bstan pa la/ rgyal ba nyid dang mtshungs pa'i/ zhwa dmar cod pan 'dzin pa gsang grags rin po che'i gsang don las la sbyor dgos kyis bka' lung gnur (gnad) lji ba phebs pa dang*/ gzhan yang rgyal bstan spyi dang bye brag gsang ba sngags kyi bstan pa la gus pa mi dman pa rnams nges tshig bor ba'i phyir/ shar rong rnam dag bkod pa'i zhing du bzhugs pa'i dbyings kyi rgyal yum chen mo rnams kyis (kyi) snang ba'i gzugs brnyen rnams dang mjal zhing / rten 'brel thams cad legs lam du e 'gro yi re ba'i mos la spo yo lung bar bskyod/ der bzhugs kyi zhing skyongs mi'i dbang po bsod nams kyi rgya mtsho chen po mnga' thang gi nor bur spungs pa'i lung grags kyi bstan sbyin dam pa 'di nyid nas/ sgo gsum mi phyed dad pa'i spu longs (long) g.yo ba'i gsungs 'os zab rgya can gnang ba'i nor/ spyal pa'i mkha' 'gro chen mo karma mu tra g.yung drung bde ba'i sman mchog dam pa dang mjal nas thugs nyid brtse ba chen po'i (pos) nges par skyongs ba'i bka' drin la brten/ rnal 'byor sems kyi spos thun reng bu la brda yi zhug le tsha reg gis (gi) yor nub/ nges pa don gyi thig le dri ngad rab tu 'thul pa'i zab gsang snying po 'di ko/ dmu rdo g.yung drung spungs rtse'i byang phyogs las grub rigs kyi sa yi thig le mkha' 'gro 'du gnas ka ke'u seng ge yang rdzong nyi ma rang shar gyi gnas mchog skad snyan bya rigs mang po yis/ gsang sngags kyi don la nges par 'jug pa'i sgra bsnyan (snyan) po lhang lhang sgrogs pa'i gnas su/ gsang bdag kun grol grags pa 'ja' tshon snying po'i (pos) thabs shes rten 'brel gyi 'khor lo rang shugs bsgyur pa'i rtsal las byung ba me 'brug zla tshes la'o//