ཁྲིད་ཡིག་དམར་མོ་མཛུབ་ཚུག khrid yig dmar mo mdzub tshug
ཁྲིད་ཡིག་དམར་མོ་མཛུབ་ཚུག khrid yig dmar mo mdzub tshug Bkt
Bkt42.2
ཁྲིད་ཡིག་དམར་མོ་མཛུབ་ཚུག khrid yig dmar mo mdzub tshug
Location
set MW30498: volume khrid yig dmar mo mdzub tshug - folios 1a1-31b3
Colophon ཁོ་བོ་རང་གིས་བསྟན་འགྲོའི་སྤྱི་ཕན་ལྷག་བསམ་དཀར་པོས་དམར་ཁྲིད་དགོངས་པ་ཡོངས་འདུས་བསྐོར་(སྐོར)་བགྱིས་པའང་རྣམ་བཤད་ཧ་ཀྱང་མང་སོང་བ་བློ་ཆུང་གི་(གིས)་དཔོག་དཀའ་བ་(བར)་སྣང་ཚེ། རང་གི་སློབ་མ་གཡུང་དྲུང་བདུད་འདུལ་རྡོ་རྗེ་ཅན་གྱིས་རང་རེའི་སྐྱེས་བུ་གསུམ་གྱི་ཉམས་ལེན་ལམ་རིམ་ཆེ་ཆུང་འདི་ལ་དངོས་གཞི་རིམ་པ་བཤད་མ་ཐག་པ་ཞིག་དགོས་ཚུལ་བྱུང་བ་དང*། ཉེ་བ་ཚེ་འདི་བློས་གཏོང་གི་རི་ཁྲོད་པས་སངས་རྒྱས་ཆོས་འགྲུབ་ཀྱིས་((ཀྱི)་ངེས་དོན་ཁྲིད་ཡིག་ཟབ་མོ་ཚིག་གི་ལོ་མའི་དབེན་ཅིང་དོན་གྱི་སྔོན་(སྙིང)་པོ་ལ་སྤར་བཟུང་བྱེད་པ་ལྟ་བུ། ཕྱག་རྫོགས་དབུ་གསུམ་ཚིག་དྲིལ་གྱི་གདམས་པ་ཉམས་སུ་དང་རྟོགས་པའི་ཁྱད་པར་རྩ་དང་རླུང་གི་ཉམས་ལེན་ཐོད་རྒལ་འོད་གསལ་ཀྱི་འཆར་སྒོ་དང་ས་དང་ལམ་གྱི་ཐོབ་ཚུལ་བཅས་ཡོད་པ་ཞིག་དགོས་ཞེས་ནན་ཏན་གྱིས་བསྐུལ་ངོར། ཁོ་བོ་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ་ཅན་རང་ལོ་རེ་གསུམ་པ་ཆུ་ཕོ་རྟ་ལ་ཧོར་ཟླ་གསུམ་པའི་དཀར་ཕྱོགས་སུ། ཉམས་རྒྱུད་ཀྱི་ཞལ་རྒྱུན་མ་འཆུག་པ་ལ་གཞིར་བྱས། རྙིང་མ་བོན་པོའི་ཁྲིད་ཡིག་ཟབ་རྒྱ་ཅན་ནས་ལེགས་ཆ་བླངས་ཤིང་ཁོ་བོ་རང་གིས་ཉམས་ལེན་བལྟར་བ་དག་གིས་བསྐོར་བ་སྟེ། རྗེས་འཇུག་སངས་རྒྱས་འཐོབ་འདོད་ཀྱི་བན་བོན་ཁྱེད་རྣམས་ལེགས་པར་གཞག་འབྲེལ་ཐོང་དང་། བཀའ་ནི་རྒྱ་ཆེ་གཏེར་ནི་གཏིང་ཟབ་ལུང་ནི་གྲངས་མང་གླེགས་བམ་ཚན་ཆེ་བཤད་པ་ཚིག་མང་བྲིས་པ་དཔེ་མང་། ངོ་སྤྲོད་ལ་ཟད་པ་མེད་བསླབ་པ་ལ་མཐའ་ཆོད་མེད་བསྒྲུབ་ཐབས་དང་ལས་ཚོགས་ལ་འཛད་རྒྱུ་མེད་སྤྲོས་བཅས་ཀྱི་ཆོས་ལ་རྫོགས་རྒྱུ་མེད་པས། རྒྱུད་ལུང་མན་ངག་ཀུན་གྱི་གནད་ཏིག་འདི་འདྲ་བ་བསྒྲུབ་ན་དོན་ཆེན་པོ་འགྲུབ་པར་ཤེས་དགོས་སོ། དང་པོ་གདམས་པ་ཟབ་མོ་ཚིག་རྒྱུད་རྒྱ། བར་དུ་བཀའ་རྒྱ་གྲོལ་ཆོད་འགྲོ་དོན་རྒྱ། ཐ་མ་དམ་ལྡན་སློབ་བུའི་གཏང་བཞག་རྒྱ། རྒྱ་གསུམ་འདི་ལ་མ་འདའ་ན་ར་ཀན། ས་མ་ཡ། རྒྱ་རྒྱ་རྒྱ། གདམས་པ་ཟབ་མོ་འདི་སྐལ་ལྡན་ཁྲིད་ཚར་སློབ་མ་བསྟན་པའི་ཞབས་ཕྱིད་སེམས་ཅན་གྱི་འགྲོ་དོན་ལ་བརྩེ་བ་ཆེན་པོའི་ལྷུར་ལེན་པ་མ་རྟོགས་(གཏོགས།)་སྙིགས་དུས་ཀྱི་བན་བོན་ལྟ་བ་ཁ་ཁྱེར་དྲེགས་པོ་ཁུང་བཅུག་རྣམས་ལ་རླུངས་ཕྱོགས་ཙམ་ཡང་མ་བསྒྲགས་པ་ཤིན་ཏུ་ནས་གསང་རྒྱ་དམ་པོར་མཛོད་ཅིག་གུ་ཧྱ་རྒྱ། ཨི་ཐི།། kho bo rang gis bstan 'gro'i spyi phan lhag bsam dkar pos dmar khrid dgongs pa yongs 'dus bskor (skor) bgyis pa'ang rnam bshad ha kyang mang song ba blo chung gi (gis) dpog dka' ba (bar) snang tshe/ rang gi slob ma g.yung drung bdud 'dul rdo rje can gyis rang re'i skyes bu gsum gyi nyams len lam rim che chung 'di la dngos gzhi rim pa bshad ma thag pa zhig dgos tshul byung ba dang*/ nye ba tshe 'di blos gtong gi ri khrod pas sangs rgyas chos 'grub kyis ((kyi) nges don khrid yig zab mo tshig gi lo ma'i dben cing don gyi sngon (snying) po la spar bzung byed pa lta bu/ phyag rdzogs dbu gsum tshig dril gyi gdams pa nyams su dang rtogs pa'i khyad par rtsa dang rlung gi nyams len thod rgal 'od gsal kyi 'char sgo dang sa dang lam gyi thob tshul bcas yod pa zhig dgos zhes nan tan gyis bskul ngor/ kho bo kun grol grags pa 'ja' tshon snying po can rang lo re gsum pa chu pho rta la hor zla gsum pa'i dkar phyogs su/ nyams rgyud kyi zhal rgyun ma 'chug pa la gzhir byas/ rnying ma bon po'i khrid yig zab rgya can nas legs cha blangs shing kho bo rang gis nyams len bltar ba dag gis bskor ba ste/ rjes 'jug sangs rgyas 'thob 'dod kyi ban bon khyed rnams legs par gzhag 'brel thong dang / bka' ni rgya che gter ni gting zab lung ni grangs mang glegs bam tshan che bshad pa tshig mang bris pa dpe mang / ngo sprod la zad pa med bslab pa la mtha' chod med bsgrub thabs dang las tshogs la 'dzad rgyu med spros bcas kyi chos la rdzogs rgyu med pas/ rgyud lung man ngag kun gyi gnad tig 'di 'dra ba bsgrub na don chen po 'grub par shes dgos so/ dang po gdams pa zab mo tshig rgyud rgya/ bar du bka' rgya grol chod 'gro don rgya/ tha ma dam ldan slob bu'i gtang bzhag rgya/ rgya gsum 'di la ma 'da' na ra kan/ sa ma ya/ rgya rgya rgya/ gdams pa zab mo 'di skal ldan khrid tshar slob ma bstan pa'i zhabs phyid sems can gyi 'gro don la brtse ba chen po'i lhur len pa ma rtogs (gtogs/) snyigs dus kyi ban bon lta ba kha khyer dregs po khung bcug rnams la rlungs phyogs tsam yang ma bsgrags pa shin tu nas gsang rgya dam por mdzod cig gu h+ya rgya/ i thi//