set MW30498: volume tshe dbang yang zhun - folios 1a1-9b7
Colophon དེ་ལྟར་རིག་འཛིན་གསང་བའི་དབང་བྱང་འདུས་པ་འདི། ཕྱི་རབས་དོན་དུ་ཚེ་དབང་བདག་གིས་སྦྱར། མཁའ་འགྲོ་འོད་ལྡན་འབར་མ་ཡི། (ཡིས)་གྲུབ་གནས་ཤེལ་ལེ་རྫོང་དྲུག་ཡང་དབེན་དུ། ངེས་མེད་སྤྲང་པོ་བདག་ལ་སྙན་དུ་བརྒྱུད། བདག་གིས་སྦས་དང་གསང་རྒྱ་ཐུབ་པར་བྱས། དད་ལྡན་གྲོགས་པོའི་རྐྱེན་གྱིས་བསྐུལ་བའི་ངོར། དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི། རིག་འཛིན་མཁའ་འགྲོ་རྣམས་ལ་མཐོལ་ལོ་བཤགས། བཀའ་སྐྱོངས་སྲུང་མ་རྣམས་ལ་བཟོད་པར་གསོལ། དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག། de ltar rig 'dzin gsang ba'i dbang byang 'dus pa 'di/ phyi rabs don du tshe dbang bdag gis sbyar/ mkha' 'gro 'od ldan 'bar ma yi/ (yis) grub gnas shel le rdzong drug yang dben du/ nges med sprang po bdag la snyan du brgyud/ bdag gis sbas dang gsang rgya thub par byas/ dad ldan grogs po'i rkyen gyis bskul ba'i ngor/ dkar chag yi ge ris su bris pa 'di/ rig 'dzin mkha' 'gro rnams la mthol lo bshags/ bka' skyongs srung ma rnams la bzod par gsol/ dge bas 'gro kun rig 'dzin sa thob shog/