རིག་འཛིན་བསྒྲུབ་པའི་མན་ངག་གཞུང་འ་མོ rig 'dzin bsgrub pa'i man ngag gzhung 'a mo
རིག་འཛིན་བསྒྲུབ་པའི་མན་ངག་གཞུང་འ་མོ rig 'dzin bsgrub pa'i man ngag gzhung 'a mo Bkt
Bkt32.13
རིག་འཛིན་བསྒྲུབ་པའི་མན་ངག་གཞུང་འ་མོ rig 'dzin bsgrub pa'i man ngag gzhung 'a mo
Location
set MW30498: volume tshe dbang yang zhun - folios 1a1-37b4
Colophon དེ་ནས་རིག་འཛིན་རྣམས་རིམ་གྱིས་བརྒྱུད་ནས། གཤེན་དྲན་པ་ཡེ་ཤེས་ལ་གཏད། མཁའ་འགྲོ་འོད་ལྡན་འབར་མ་དང་། དྲན་པ་ཡེ་ཤེས་གཉིས་ཀྱིས། བོན་ལ་དར་ནུབ་བྱུང་དུས་སུ། བོན་འདི་ལ་རྒྱས་འབྲིང་བསྡུས་པ་གསུམ་དུ་ཕྱེས། རྒྱས་པ་དྲན་པ་ཡེ་ཤེས་ཕྱག་ཏུ་བསྣམས། བསྡུས་པ་ཡུམ་ཆེན་མཁའ་འགྲོའི་ཐུགས་ལ་གབ། འབྲིང་པོ་རྨ་གཉན་པོམ་རར་གཏེར་དུ་སྦས། དུས་ཀྱི་མཐའ་མ་དར་བའི་སྨོན་ལམ་བཏབ། དེ་ནས་དུས་དང་ལས་ཀྱིས་དབང་བསྒྱར་ནས། དབེན་གནས་དམ་པ་གཡུ་ཁྲ་ལྷ་སྟེངས་སུ། ཡུམ་ཅིག་མཁའ་འགྲོ་འོད་ལྡན་འབར་མའི། (ཡིས)་དུས་མཐའི་རྣལ་འབྱོར་བདག་ལ་སྙན་དུ་བརྒྱུད། བདག་གི་སྦས་དང་གསང་རྒྱ་ཐུབ་པར་བྱས། དད་ལྡན་གྲོགས་པོའི་རྐྱེན་གྱིས་བསྐུལ་བའི་ངོར། དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི། རིག་འཛིན་མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། བཀའ་སྐྱོངས་སྲུང་མས་དབྱིངས་ནས་མི་བསྐྱོན་པར། རྗེས་འཇུག་ཉེས་པའི་བདུད་ལས་རབ་རྒྱལ་ནས། བླ་མེད་རྫོགས་པའི་འབྲས་བུ་མྱུར་ཐོབ་ཤོག་སློབ་དཔོན་པདྨའི་གསུངས་ལྟར། ཕྱི་རབ་བློ་དམན་གྱི་དོན་དུ། བདག་རྣལ་འབྱོར་རྡོར་རྗེ་གླིང་པས། བསྙན་(སྙན)་རྒྱུད་ལ་བཅོས་སླད་མེད་པར་བཀོད་པ་འདིས། འགྲོ་ཀུན་བླ་མེད་སངས་རྒྱས་ས་ཐོབ་ཤོག། de nas rig 'dzin rnams rim gyis brgyud nas/ gshen dran pa ye shes la gtad/ mkha' 'gro 'od ldan 'bar ma dang / dran pa ye shes gnyis kyis/ bon la dar nub byung dus su/ bon 'di la rgyas 'bring bsdus pa gsum du phyes/ rgyas pa dran pa ye shes phyag tu bsnams/ bsdus pa yum chen mkha' 'gro'i thugs la gab/ 'bring po rma gnyan pom rar gter du sbas/ dus kyi mtha' ma dar ba'i smon lam btab/ de nas dus dang las kyis dbang bsgyar nas/ dben gnas dam pa g.yu khra lha stengs su/ yum cig mkha' 'gro 'od ldan 'bar ma'i/ (yis) dus mtha'i rnal 'byor bdag la snyan du brgyud/ bdag gi sbas dang gsang rgya thub par byas/ dad ldan grogs po'i rkyen gyis bskul ba'i ngor/ dkar chag yi ge ris su bris pa 'di/ rig 'dzin mkha' 'gro rnams la bzod par gsol/ bka' skyongs srung mas dbyings nas mi bskyon par/ rjes 'jug nyes pa'i bdud las rab rgyal nas/ bla med rdzogs pa'i 'bras bu myur thob shog slob dpon pad+ma'i gsungs ltar/ phyi rab blo dman gyi don du/ bdag rnal 'byor rdor rje gling pas/ bsnyan (snyan) rgyud la bcos slad med par bkod pa 'dis/ 'gro kun bla med sangs rgyas sa thob shog/