set MW30498: volume sde brgyad zlog mdos stod - folios 1a1-6a4
Colophon དགོངས་རྒྱུད་རིག་འཛིན་གོང་མ་གསུམ་གྱི་མདོས་བདག་ཕྱི་རབས་དུས་ཀྱི་ཐ་མ་ལ། (གོང་མ)་གསུམ་གྱི་བཀའི་བྱིན་རླབས་ཀྱིས། སྲིད་པའི་རྒྱལ་(མོ)་ལ་བཀའ་གནང་། སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག་ཕྱི་ནས་ཉི་ཟེར་བཞིན་དུ་རྒྱས་པར་ཤོག་ཅེས་གསུངས་ནས་སྨོན་ལམ་བཏབ་ནས་གཏེར་དུ་སྦས་སོ། གཏེར་བདག་སྲིད་པའི་རྒྱལ་མོ་དང་རྨ་གཉེན་པོམ་ར་ལས་སོགས་རྩེ་བླ་བཅུ་གསུམ་ལ་གཏད། བདུད་སྲིན་རུ་ཏྲ་གདུག་པ་ཅན་རྣམས་དང་། དུན་རྩེའི་ལག་ཏུ་མ་ཤོར་བར་བཀའ་གཏད་དོ། དྲག་པོའི་གཏོར་མ་བྱད་སྣ་གདུག་པ་ཅན་དང་ཟློག་པ་འདི། སྲིད་པའི་རྒྱལ་མོའི་(མོས)་ལུང་བསྟན། གཉེན་པོ་གཡུ་རྩེའི་ཐུགས་ཀར་ནས་བྱུང་བའི་ཁྲོ་གཉེར་ལ་གནང་། སྲིད་པ་ལས་ཀྱི་གཞུང་བཞིན་བོད་ཡིག་ཟངས་དམར་ལ་བཀོད། ཕྱི་རབས་དུས་ཀྱི་བསྟན་པ་སྲུང་པར་(བར)་མཛོད།། dgongs rgyud rig 'dzin gong ma gsum gyi mdos bdag phyi rabs dus kyi tha ma la/ (gong ma) gsum gyi bka'i byin rlabs kyis/ srid pa'i rgyal (mo) la bka' gnang / skal ldan las 'phro can dang 'phrad par shog phyi nas nyi zer bzhin du rgyas par shog ces gsungs nas smon lam btab nas gter du sbas so/ gter bdag srid pa'i rgyal mo dang rma gnyen pom ra las sogs rtse bla bcu gsum la gtad/ bdud srin ru tra gdug pa can rnams dang / dun rtse'i lag tu ma shor bar bka' gtad do/ drag po'i gtor ma byad sna gdug pa can dang zlog pa 'di/ srid pa'i rgyal mo'i (mos) lung bstan/ gnyen po g.yu rtse'i thugs kar nas byung ba'i khro gnyer la gnang / srid pa las kyi gzhung bzhin bod yig zangs dmar la bkod/ phyi rabs dus kyi bstan pa srung par (bar) mdzod//