Catalog entry rKTs-B2521
དབལ་ཕུར་གསང་བ་ཡང་སྙིང་དབལ་ནག་ཁྲོ་རྒྱུད་ཀྱི་འཕྲིན་ལས
dbal phur gsang ba yang snying dbal nag khro rgyud kyi 'phrin las




Bkt25.18

དབལ་ཕུར་གསང་བ་ཡང་སྙིང་དབལ་ནག་ཁྲོ་རྒྱུད་ཀྱིས་འཕྲིན་ལས
dbal phur gsang ba yang snying dbal nag khro rgyud kyis 'phrin las


Location
set MW30498: volume snyan rgyud phur pa - folios 1a1-112a5

Colophon
དབལ་ཕུར་གསང་བ་ཡང་སྙིང་ཞེས་བྱ་བ། གཏིང་རྫོགས་གསང་བའི་ཡང་བཅུད། དབལ་བོན་སྟག་ལ་མེ་འབར་གྱིས་ལས་ཀྱིས་སྲིན་པོ་བསྒྲལ་བའི་དོན་དུ། དབལ་གྱི་བྲག་ཕུག་རོང་ཆེན་དུ་བསྒྲུབ་(བསྒྲུབས)་ཅིང་། དེས་འཁྲོས་པ་ཁྲག་གདོང་དམར་པོ་ལ་བརྒྱུད། ཁྲག་གདོང་གིས་དྲན་པ་ལ་བཤད། དབལ་ཕུར་གསང་རྒྱུད་ལས་བརྒྱུད་ཏེ་(དེ)་། དབང་པོ་ཡང་རབ་འབྲིང་ཐ་གསུམ་གྱི་དོན་དུ་བྱུང་ནས། གཏིང་རྫོགས་དབང་པོ་རབ་ཀྱི་དོན་དུ་ཕྱུང་སྟེ། སྤ་གྲོ་སྟག་ཚང་དུ་སྦས་ནས་ཁུ་ཚ་དང་མགར་སྟོན་ལ་སྨོན་ལམ་བཏབ་བོ། འདི་ནི་དབང་པོ་འབྲིང་གིས་(གི)་དོན་དུ་ཕྱུང་ཏེ་(སྟེ)་དྲན་པའི་(པས)་པོམ་རའི་ཐུགས་ཀར་གཏེར་ལ་སྦས། ཅིག་((གཅིག)་ནི་དབང་པོ་ཐ་མའི་དོན་དུ་ཕྱུང་ཏེ་(སྟེ)ཕྱི་རབ་(རབས)་ཀྱི་བོན་གཤེན་རྣམས་ལ་ཤིན་ཏུ་ཉེར་འགྲུབ་ཀྱི་ལྟ་བ་ཐུགས་ལ་གབ་ནས་སྤྲུལ་སྐུ་དབྲ་སྟོན་ནམ་མཁའ་རིན་ཆེན་ལ་བབས་པའོ། (མཆན་འདིར་བཀའ་རྟགས་ཡོད)་ཅེས་པའི་ཁོ་བོ་དབྲ་ཁྱུང་པ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་གསང་མཚན་སྟག་ཆུང་དབལ་འབར་སྟག་སླག་ཅན་བདག་ལ་དངོས་གྲུབ་ཏུ་བབས་པ། སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་ཧོར་ཟླ་6ཚེས་10ལ། དཔལ་གྱི་གདན་ས་ཁྱུང་ནག་ཕོ་བྲང་དུ་གཏན་ལ་ཕབ་ཅིང་དྲུང་ཡིག་པ་ནི་བསྔགས་(སྔགས)་ནག་པ་ཤེ་ཙུ་མིང་གིས་ཞལ་བཤུས་པ་ལགས་སོ།། (མཆན་འདིར་བཀའ་རྟགས་ཡོད།)བཀའ་རྟགས་མི་འགྱུར་བཅུ་གསུམ་གྱི་རྒྱ་གདབ་པ་ལགས་སོ།།
dbal phur gsang ba yang snying zhes bya ba/ gting rdzogs gsang ba'i yang bcud/ dbal bon stag la me 'bar gyis las kyis srin po bsgral ba'i don du/ dbal gyi brag phug rong chen du bsgrub (bsgrubs) cing / des 'khros pa khrag gdong dmar po la brgyud/ khrag gdong gis dran pa la bshad/ dbal phur gsang rgyud las brgyud te (de) / dbang po yang rab 'bring tha gsum gyi don du byung nas/ gting rdzogs dbang po rab kyi don du phyung ste/ spa gro stag tshang du sbas nas khu tsha dang mgar ston la smon lam btab bo/ 'di ni dbang po 'bring gis (gi) don du phyung te (ste) dran pa'i (pas) pom ra'i thugs kar gter la sbas/ cig ((gcig) ni dbang po tha ma'i don du phyung te (ste)phyi rab (rabs) kyi bon gshen rnams la shin tu nyer 'grub kyi lta ba thugs la gab nas sprul sku dbra ston nam mkha' rin chen la babs pa'o/ (mchan 'dir bka' rtags yod) ces pa'i kho bo dbra khyung pa g.yung drung bstan 'dzin dbang rgyal gsang mtshan stag chung dbal 'bar stag slag can bdag la dngos grub tu babs pa/ spre'u zhes pa me mo lug gi lo hor zla 6tshes 10la/ dpal gyi gdan sa khyung nag pho brang du gtan la phab cing drung yig pa ni bsngags (sngags) nag pa she tsu ming gis zhal bshus pa lags so// (mchan 'dir bka' rtags yod/)bka' rtags mi 'gyur bcu gsum gyi rgya gdab pa lags so//


Additional miscellaneous Collections

Mongolian Canon


source rKTs &