Catalog entry rKTs-B2275
མེ་རི་དཔའ་བོ་གྱད་ཕུར་གྱི་སྒྲུབ་ཐབས་གསལ་བྱེད་མེ་ཤེལ་ཕྲེང་བ
me ri dpa' bo gyad phur gyi sgrub thabs gsal byed me shel phreng ba




Bkt22.3

མེ་རི་དཔའ་བོ་གྱད་ཕུར་གྱི་སྒྲུབ་ཐབས་གསལ་བྱེད་མེ་ཤེལ་ཕྲེང་བ
me ri dpa' bo gyad phur gyi sgrub thabs gsal byed me shel phreng ba


Location
set MW30498: volume me ri gyad phur - folios 1a1-68a3

Colophon
ཅེས་མེ་རི་གྱད་ཕུར་སྒྲུབས་ཐབས་གསལ་བྱེད་མེ་ཤེལ་ཕྲེང་བ་འདི་ནི། མཁས་ཆེན་སྨན་རིའི་གྲཝ་ནས་ཐོན་པའི་སྤྱང་དཔོན་གཡུང་དྲུང་བསྟན་པའི་རྒྱལ་མཚན་འཆང་གི་ཞལ་སྔ་ནས། མེ་རིའི་ཕྱག་བཞེས་འདི་རྣམས་རྒྱས་བསྡུས་རན་པ་ཞིག་ནི་སྒྲིགས་ཤིག་གསུངས་པ་ལ། རེ་ཞིག་བཏང་སྙོམས་སུ་བཞག་ཀྱང*། སླར་ཡང་ནན་ཏན་མཛད་དེ་གསུངས་ཤོག་ཡང་ཡང་བསྐུལ་བའི་ཚེ་ན། བདག་འདྲ་ནི་ཐོས་བསམ་ཆུང་ཞིང་ལུང་རིག་གི་མིག་ཤིན་ཏུ་རྨོངས་པར་གྱུར་ནའང་། བླ་མའི་གསུང་དང་ཡི་དམ་ལ་འབྲེལ་བ་གཏོང་བ་ལ་མ་ལེགས་པའི་ལྟས་ཀྱང་མི་གནས་སྙམ་ནས། དིང་སང་གི་གདགས་བྱར་སྤྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ཞེས་འབོད་པའི་མིང་དོན་བསྣོལ་མ་དེས། གོང་མའི་གདན་ས་བདེ་ཆེན་དཀར་མོ་དཀྱུས་ཆེན་རི་ཁྲོད་ཉམས་དགའི་གནས་སུ། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ཅིང་། རྒྱུད་གཞུང་ལ་འོལ་ཚོད་མ་བཏང་ནས། རང་གི་ཤེས་ཚད་གསལ་བར་ཕྱེ་ཞིང་མ་ཤེས་མ་གོ་བ་ལ་མིན་པ་ཡིན་པ་བྱས་པ་མེད་དེ། འོན་ཀྱང་རིང་ནས་གོས་པའི་ཉོན་མོངས་འདིས། དུས་རྣམས་ཀུན་དུ་སྒྲིབ་པས་བྱེད་ལས་ཀྱིས། ཡང་དག་དོན་ལ་མུན་ཁུང་སྟོར་བ་ལ། འབན་ནས་བཙལ་ཀྱང་ལག་ཏུ་འཕྲོད་དཀའོ། དེ་འདྲའི་ནོང་པ་ཡོད་ན། བླ་མ་མགོན་པོའི་ཚོགས་ལ། ཤིན་ཏུ་གདུང་བས་བཤགས་སོ། ཐུགས་རྗེ་བཟོད་གསོལ་བཞེས་ཤིག་དེ་ལས་བྱུང་བའི། དགེ་བའི་འབྲས་བུ། གང་མཆིས་འགྲོ་ཀུན། སངས་རྒྱས་རྒྱུར་བསྔོ། དེ་ཡི་མཐུས། བདག་སོགས་ཀུན། སྐད་ཅིག་མར། སངས་རྒྱས་ཤོག་ཅེས་དབུ་འཛུག་(མཇུག)་ཡོངས་སུ་རྫོགས་པར་རང་ལོ་ཞེ་གསུམ་གནམ་ལོ་རྒྱ་གར་བའི་ཨརྐརི། རྒྱ་ནག་པའི་ཞིང་ཤིན། བོད་སྐད་དུ་ཨིངྒ་ར། ཞེས་དབང་ཐང་དང་བསྟུན་པའི་ཆུ་ཕོ་སྤྲེལ་ལོ་ཧོར་ཟླ་བཞི་པ་ཉི་མ་གླང་ཁྱིམ་སླེབ་པའི་དགའ་བ་གསུམ་པ་སྔ་ཕྱིའི་བར་ལ་མངོན་རྟོགས་དང་བཅས་པ་འགྲུབ་པར་བགྱིད་པ་དགེ་ལེགས་བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་བརྟན་པར་གྱུར་ཅིག།
ces me ri gyad phur sgrubs thabs gsal byed me shel phreng ba 'di ni/ mkhas chen sman ri'i grwa nas thon pa'i spyang dpon g.yung drung bstan pa'i rgyal mtshan 'chang gi zhal snga nas/ me ri'i phyag bzhes 'di rnams rgyas bsdus ran pa zhig ni sgrigs shig gsungs pa la/ re zhig btang snyoms su bzhag kyang*/ slar yang nan tan mdzad de gsungs shog yang yang bskul ba'i tshe na/ bdag 'dra ni thos bsam chung zhing lung rig gi mig shin tu rmongs par gyur na'ang / bla ma'i gsung dang yi dam la 'brel ba gtong ba la ma legs pa'i ltas kyang mi gnas snyam nas/ ding sang gi gdags byar spyang sprul nam mkha' rgyal mtshan zhes 'bod pa'i ming don bsnol ma des/ gong ma'i gdan sa bde chen dkar mo dkyus chen ri khrod nyams dga'i gnas su/ bla ma yi dam mkha' 'gro la gsol ba btab cing / rgyud gzhung la 'ol tshod ma btang nas/ rang gi shes tshad gsal bar phye zhing ma shes ma go ba la min pa yin pa byas pa med de/ 'on kyang ring nas gos pa'i nyon mongs 'dis/ dus rnams kun du sgrib pas byed las kyis/ yang dag don la mun khung stor ba la/ 'ban nas btsal kyang lag tu 'phrod dka'o/ de 'dra'i nong pa yod na/ bla ma mgon po'i tshogs la/ shin tu gdung bas bshags so/ thugs rje bzod gsol bzhes shig de las byung ba'i/ dge ba'i 'bras bu/ gang mchis 'gro kun/ sangs rgyas rgyur bsngo/ de yi mthus/ bdag sogs kun/ skad cig mar/ sangs rgyas shog ces dbu 'dzug (mjug) yongs su rdzogs par rang lo zhe gsum gnam lo rgya gar ba'i arkari/ rgya nag pa'i zhing shin/ bod skad du ing+ga ra/ zhes dbang thang dang bstun pa'i chu pho sprel lo hor zla bzhi pa nyi ma glang khyim sleb pa'i dga' ba gsum pa snga phyi'i bar la mngon rtogs dang bcas pa 'grub par bgyid pa dge legs bkra shis phyogs dus kun tu khyab cing brtan par gyur cig/


Additional miscellaneous Collections

Mongolian Canon


source rKTs &