Catalog entry rKTs-B2183
བྲག་བཙན་དམར་པོའི་ཡིག་སྣ་གསལ་ཐེམ
brag btsan dmar po'i yig sna gsal them




Bkt20.28

བྲག་བཙན་དམར་པོའི་ཡིག་སྣ་གསལ་ཐེམ
brag btsan dmar po'i yig sna gsal them


Location
set MW30498: volume a bse'i mthu sgrub - folios 1a1-3a2

Colophon
འདི་བསྟན་པ་ལ་ཐུག་ན་སྤྱད་པར་བྱ། སྲོག་ལ་ཐུག་ན་བསྒྲུབ་པར་བྱ། གནད་ལ་དབབ་ན་རྦད་པར་བྱ། གལ་ལ་བབ་ན་འབོད་པར་བྱ། འདི་ཡི་སྤེལ་གཅིག་རྒྱུད་མི་བཅད་དོ། སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། དམ་མེད་ལ་བསྟན་ལ་རང་ལ་ལྡོག་བསྟན་སྲུང་ཨ་བསེ་རྒྱལ་བ་འདི། བསྟན་པ་སྲུང་བའི་རྒྱལ་མཚན་ཡིན། རྣལ་འབྱོར་དམ་ཚིག་ཅན་གྱི་སྲོག་མཁར་ཡིན། རྒྱལ་ཁམས་བསྐོར་བའི་སྲུང་མ་ཡིན། བསད་ན་གང་ཡང་གསོད་པ་ཡིན། སྐྱབས་ན་འཆི་བདག་བདུད་ཀྱང་སྐྱོབས་པ་ཡིན། ཟློག་ན་ཐམས་ཅད་ཟློག་པའི་ཁྲོ་བོ་ཡིན། དགྲ་བོ་མྱུར་དུ་འཆི་བའི་བཙན་དུག་ཡིན། དགྲ་སྲོག་གཅོད་པའི་སྤུ་གྲི་ཡིན། རྐང་གཉིས་འབྲང་པའི་རྒྱ་ཟོར་ཡིན། དམ་ཉམས་བསྒྲལ་བའི་མཚོན་ཆ་ཡིན། བོན་དགྲ་གསོད་པའི་དུག་མདའ་ཡིན། བོད་ཁམས་སྐྱོང་པའི་དགྲ་ལྷ་ཡིན། བསྟན་པ་བོན་གྱི་སྲུང་མ་ཡིན། གཤེན་ཆེན་ཀླུ་དགའི་མཛད་སྲོལ་ཡིན། ཨ་ཇོ་གསང་བའི་ཡིག་སྣ་ཡིན། དང་པོ་སྐྱིད་མཁར་བླ་མ་ཞུ་ཆེན་ནས། རིམ་གྱིས་བརྒྱུད་ནས་སུ། བླ་མའི་དྲུང་དུ་བསོད་ནམས་ཡེ་ཤེས་ཀྱིས་ཞུས། དེ་ལ་བློ་གྲོས་རྒྱལ་མཚན་གྱིས་ཞུས། དེ་ནས་རིམ་གྱིས་བརྒྱུད་ནས། བདག་གི་བཀའ་སྲུང་ཨུ་ཡ་སྨརོ། ས་མ་ཡ། རྒྱ་རྒྱ་རྒྱ། ཨག་ཐམ།།
'di bstan pa la thug na spyad par bya/ srog la thug na bsgrub par bya/ gnad la dbab na rbad par bya/ gal la bab na 'bod par bya/ 'di yi spel gcig rgyud mi bcad do/ sangs rgyas bstan pa srung ba'i phyir/ dam med la bstan la rang la ldog bstan srung a bse rgyal ba 'di/ bstan pa srung ba'i rgyal mtshan yin/ rnal 'byor dam tshig can gyi srog mkhar yin/ rgyal khams bskor ba'i srung ma yin/ bsad na gang yang gsod pa yin/ skyabs na 'chi bdag bdud kyang skyobs pa yin/ zlog na thams cad zlog pa'i khro bo yin/ dgra bo myur du 'chi ba'i btsan dug yin/ dgra srog gcod pa'i spu gri yin/ rkang gnyis 'brang pa'i rgya zor yin/ dam nyams bsgral ba'i mtshon cha yin/ bon dgra gsod pa'i dug mda' yin/ bod khams skyong pa'i dgra lha yin/ bstan pa bon gyi srung ma yin/ gshen chen klu dga'i mdzad srol yin/ a jo gsang ba'i yig sna yin/ dang po skyid mkhar bla ma zhu chen nas/ rim gyis brgyud nas su/ bla ma'i drung du bsod nams ye shes kyis zhus/ de la blo gros rgyal mtshan gyis zhus/ de nas rim gyis brgyud nas/ bdag gi bka' srung u ya smaro/ sa ma ya/ rgya rgya rgya/ ag tham//


Additional miscellaneous Collections

Mongolian Canon


source rKTs &