set MW30498: volume a bse'i mthu sgrub - folios 1a1-10a3
Colophon བྲག་བཙན་རྒྱལ་པོའི་སྒྲུབ་པ་འདི་ནི། སྒོ་ཡི་བཙུན་པ་དར་མ་རྒྱལ་མཚན་བདག་གོའི་ཅོག་རོའི་བྲིས་ལུང་གི་གོམ་ཆུང་དུ་ཡོད་པས། སྤྲེལ་ལོ་ལུག་ཟླའི་ཚེས་དགུའི་དགུང་ག་ཕར་ངོས་ཀྱི་བྲག་རྩར་བསྡད་ཙམ་སྐྱེས་ཕྲན་བཞིན་བཟང་གཅིག་གིས། རྟ་སྔོན་པོ་ཞིག་བཅིབས་ནས་བདག་ཉིད་རྩར་བྱུང་སྟེ། བསྟན་པ་བསྲུང་བར་ཁས་བླངས་རང་རྟགས་སྲོག་གི་རྙིང་པོ་ཕུལ། ཁྲ་ཚང་དགོན་ནས་ཤེས་རབ་འོད་ཟེར་གྱིས་བསྐུལ་བ་བཏབ་ནས། དཀར་ཆགས་ཡི་གེར་བཏབ་པའོ། དེ་ནས་རིམ་གྱིས་བརྒྱུད་ནས་ད་ལྟ་བདག་གི་བསྟན་སྲུང་ཤིན་ཏུ་ཟབ་བོ།། ཨྠ། བྲག་བཙན་ཐུགས་སྒྲུབ་གསང་བའོ། ས་མ་ཡ། རྒྱ་རྒྱ་རྒྱ།། brag btsan rgyal po'i sgrub pa 'di ni/ sgo yi btsun pa dar ma rgyal mtshan bdag go'i cog ro'i bris lung gi gom chung du yod pas/ sprel lo lug zla'i tshes dgu'i dgung ga phar ngos kyi brag rtsar bsdad tsam skyes phran bzhin bzang gcig gis/ rta sngon po zhig bcibs nas bdag nyid rtsar byung ste/ bstan pa bsrung bar khas blangs rang rtags srog gi rnying po phul/ khra tshang dgon nas shes rab 'od zer gyis bskul ba btab nas/ dkar chags yi ger btab pa'o/ de nas rim gyis brgyud nas da lta bdag gi bstan srung shin tu zab bo// a+tha/ brag btsan thugs sgrub gsang ba'o/ sa ma ya/ rgya rgya rgya//