Catalog entry rKTs-B2078
མ་མོ་སྲོག་སྒྲུབ
ma mo srog sgrub




Bkt18.2

མ་མོ་སྲོག་སྒྲུབ
ma mo srog sgrub


Location
set MW30498: volume srid rgyal srog sgrub - folios 1a1-55a5

Colophon
ཅེས་པ་འདི་ནི་དབྲ་ཁྱུང་པ་སྙིགས་མའི་ཁོ་བོ་གཡུང་དྲུང་བསྟན་འཛིན་དབང་རྒྱལ་བདག་ལ། མ་ཅིག་སྲིད་པའི་རྒྱལ་མོ་ཡིས་དཔལ་ལུང་དུང་མཚོ་ཕྱུག་མོའི་འགྲམ་དུ་བསྙན་(སྙན)་དུ་བརྒྱུད་ཅིང་། སླར་ལམ་དགོན་གཡུང་དྲུང་གཏམ་བྲག་ཏུ་མེ་རྟ་ལོར། ཧོར་ཟླ་དགུ་པའི་ཚེས་བཅུ་གསུམ་ལ་དབྱིངས་ཀྱི་བཀའ་རྒྱ་བཀྲོལ་ནས། དཔལ་གྱི་གདན་ས་ཁྱུང་ནག་ཕོ་བྲང་དུ་གཏན་ལ་ཕབ་པའོ། དཔེ་གཅིག་ནི་ཤོག་སེར་དམར་པོ་རིང་ཐུང་མཐོ་གསུམ་ཞིང་སོར་ལྔ་བྱས་ནས། ཞང་ཞུང་སྨར་གྱི་ཡི་གེ་ཕྲེང་ཉེར་གཅིག་ཏུ་ཡོད་པར། བྲག་སེང་གེ་གནམ་འཕྱོང་གི་སྦར་ཞབས་གཡོན་པ་ལ་སྦས་སོ། འདི་ནི་མ་ཅིག་སྲིད་པ་རྒྱལ་མོ་ཡི། ཐུགས་ཀྱི་སྙིང་ཁྲག་མ་ཞེས་གནད་ཀྱི་ཐེག་ཙི་ཏ་དམར་དུ་ཕྱུང་བ་ལྟ་བུའོ། སྐལ་ལྡན་དམ་ཚིག་ལྡན་ལ་མ་གསང་སྤེལ། གཅིག་རྒྱུད་མ་གཏོགས་མང་དུ་མ་སྤེལ་ཅིག་མ་མོ་མི་འབྲལ་ལུས་ཀྱི་གྲིབ་ལྟར་འགྲོགས། དམ་ཚིག་ཉམས་པའི་རིགས་ལ་སྤེལ་སྲིད་ན། མ་ཅིག་རྒྱལ་མོའི་བཀའ་ཆད་མྱུར་དུ་འོངས། དམ་ཉམས་དད་པ་མེད་པའི་རུ་ཏྲ་ཅན། བསྟན་དགྲ་ཉམས་པའི་བཀའ་ལ་བརྐུ་སྲིད་ཅིང་། བསྟན་འཛིན་སྐྱེས་བུའི་དགྲ་རུ་ཡོང་སྲིད་ན། སྲིད་པ་རྒྱལ་མོས་བཀའ་ཆད་མྱུར་དུ་ཐོངས། དམར་འབྱིན་ཆེན་པོ་འདི་ཡི་སྙིང་ཁྲག་འཐུང*། ཐུགས་སྤྲུལ་གཉེན་མོས་དེ་ཡི་སྲོག་རྩ་ཆོད། གཟེ་གྱད་སྤར་མས་དེ་ཡི་ཙི་ཏ་ཕྱུངས། (?)དབལ་མོས་དེ་ནི་མ་ནོར་བ། སྲོག་ཁྲག་དྲོན་མོ་ཁྱེད་ཀྱི་ཞལ་དུ་རྔུབས། ཨུ་ཡ།། ས་ཏྲིག་སྲུགས།།
ces pa 'di ni dbra khyung pa snyigs ma'i kho bo g.yung drung bstan 'dzin dbang rgyal bdag la/ ma cig srid pa'i rgyal mo yis dpal lung dung mtsho phyug mo'i 'gram du bsnyan (snyan) du brgyud cing / slar lam dgon g.yung drung gtam brag tu me rta lor/ hor zla dgu pa'i tshes bcu gsum la dbyings kyi bka' rgya bkrol nas/ dpal gyi gdan sa khyung nag pho brang du gtan la phab pa'o/ dpe gcig ni shog ser dmar po ring thung mtho gsum zhing sor lnga byas nas/ zhang zhung smar gyi yi ge phreng nyer gcig tu yod par/ brag seng ge gnam 'phyong gi sbar zhabs g.yon pa la sbas so/ 'di ni ma cig srid pa rgyal mo yi/ thugs kyi snying khrag ma zhes gnad kyi theg tsi ta dmar du phyung ba lta bu'o/ skal ldan dam tshig ldan la ma gsang spel/ gcig rgyud ma gtogs mang du ma spel cig ma mo mi 'bral lus kyi grib ltar 'grogs/ dam tshig nyams pa'i rigs la spel srid na/ ma cig rgyal mo'i bka' chad myur du 'ongs/ dam nyams dad pa med pa'i ru tra can/ bstan dgra nyams pa'i bka' la brku srid cing / bstan 'dzin skyes bu'i dgra ru yong srid na/ srid pa rgyal mos bka' chad myur du thongs/ dmar 'byin chen po 'di yi snying khrag 'thung*/ thugs sprul gnyen mos de yi srog rtsa chod/ gze gyad spar mas de yi tsi ta phyungs/ (?)dbal mos de ni ma nor ba/ srog khrag dron mo khyed kyi zhal du rngubs/ u ya// sa trig srugs//


Additional miscellaneous Collections

Mongolian Canon


source rKTs &