Catalog entry rKTs-B2065
དྲིན་ཆེན་བླ་མའི་སྒྲབ་པ་ལས་ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་པའི་གཏེར་ཆེན
drin chen bla ma'i sgrab pa las tshogs kyi 'khor lo bskor thabs mkha' gsang rol pa'i gter chen




Bkt17.17

དྲིན་ཆེན་བླ་མའི་སྒྲབ་པ་ལས་ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་པའི་གཏེར་ཆེན
drin chen bla ma'i sgrab pa las tshogs kyi 'khor lo bskor thabs mkha' gsang rol pa'i gter chen


Location
set MW30498: volume lhun grub dbang ldan bla sgrub - folios 1a1-11b3

Colophon
ཞེས་སྐྱབས་གནས་སྤྱི་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་བདག་སོགས་འགྲོ་བ་ཡོངས་ཀྱི་མ་ལྟ་བུར། ལོ་པཎ་ཤ་རི་དབུ་ཆེན་མི་ཡི་རོལ་གར་མངོན་དུ་བསྟན་པའི། ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི་གསལ་དག་རིག་པ་འཛིན་པའི་གྲུབ་ཐོབ་ནམ་མཁའི་རྣལ་འབྱོར་པ་སྨོན་ལམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་དེ་ཉིད་ཀྱི་སྒྲབ་ཐབས་ནོར་བུ་བསམ་འཕེལ་ནོར་བུའི་ཕྲེང་བ་ལས། ཚོགས་ཀྱི་འཁོར་ལོ་བསྐོར་ཐབས་མཁའ་གསང་རོལ་པའི་གཏེར་ཆེན་ཞེས་བྱ་བ་འདི་ཡང་དཔལ་སྙ་ཆེན་ལི་ཤུའི་སྣང་བརྙན་ཀུན་མཁྱེན་སངས་རྒྱས་བསྟན་འཛིན་གྲགས་པའི་རྒྱལ་ཚབ་གསེར་ཁྲིར་སྐྱོང་བ། མཁས་པ་རིན་ཆེན་བློ་གསལ་གྱི་གར་རོལ། སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་ཀྱིས་བཀའ་གསུངས་སྤྱི་བོར་ཕེབས་པ་མ་ཟད་མཁས་པའི་ནོར་ལ་དབང་ཞིང་ལུང་རྟོགས་བོན་གྱིས་ཕྱུག་པའི་རིགས་མཐུན་གྱི་གྲོགས་པོ་བརྩེ་གདུང་གཅིག་ཏུ་དྲེས་པའིབཙུན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྟེན་འབྲེལ་ལེགས་མཚོན་སྤྱི་བླུག་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་ལ་བརྟེན་ནས། བཀའ་གསུང་གྱེན་ལྡོག་མ་ནུས་པའི་ཁོ་བོ་ཚེ་དབང་བླ་མའི་རྗེས་འབྲེང་། ཚེ་དབང་བདེ་ཆེན་སྙིང་པོ་འམ་གསང་བའི་མིང་ནི། གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་མཆོག་གསུམ་དྲིན་ཆེན་བླ་མ་དེ་ཉིད་ཉིན་སྣང་མཚན་འཁྲུལ་སོགས་ལ་སྐད་ཅིག་གི་སྣང་བ་དང་མི་འབྲལ་བའི་ཟོབ་པོ་ཏེ་(གཏེ)་རྒན་ལུས་ངག་འཆལ་པོར་སྤྱོད་པའི་འཇིག་རྟེན་སྐྱེ་འགྲོ་ཕལ་པ་ཅི་ལྟ་བ་དེས། མི་ཕྱེད་དད་པའི་རྣམ་ལྔས་སྣ་དྲངས་སྐྱོ་གདུང་གི་སྣང་བ་བཅས་ཏེ་བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ། ཤར་ཚད་གྲོགས་སུ་ཤར་བའི་ཉིན་པར་སྤེལ་བ་འདིས་ཀྱང་གང་ཤར་གང་དྲན་ཐམས་ཅད་ཡེ་ཤེས་ཀྱི་རྩལ་དུ་གྲོལ་ཞིང་ཀ་དག་བོན་གྱི་སྐུར་བརྙེས་པའི་རྒྱུ་གྱུར་ཅིག་མངྒ་ལམ།།
zhes skyabs gnas spyi 'dus kyi ngo bo drin can rtsa ba'i bla ma bdag sogs 'gro ba yongs kyi ma lta bur/ lo paN sha ri dbu chen mi yi rol gar mngon du bstan pa'i/ sa steng gi skyes bu mtshan brjod par dka' ba'i gsal dag rig pa 'dzin pa'i grub thob nam mkha'i rnal 'byor pa smon lam g.yung drung bstan pa'i rgyal mtshan de nyid kyi sgrab thabs nor bu bsam 'phel nor bu'i phreng ba las/ tshogs kyi 'khor lo bskor thabs mkha' gsang rol pa'i gter chen zhes bya ba 'di yang dpal snya chen li shu'i snang brnyan kun mkhyen sangs rgyas bstan 'dzin grags pa'i rgyal tshab gser khrir skyong ba/ mkhas pa rin chen blo gsal gyi gar rol/ spyang 'phags rin po che mnyam med tshul khrims dbang grags kyis bka' gsungs spyi bor phebs pa ma zad mkhas pa'i nor la dbang zhing lung rtogs bon gyis phyug pa'i rigs mthun gyi grogs po brtse gdung gcig tu dres pa'ibatsun pa tshul khrims blo gros kyis rten 'brel legs mtshon spyi blug lha rdzas dar dkar gyis sna drangs nas bskul ba la brten nas/ bka' gsung gyen ldog ma nus pa'i kho bo tshe dbang bla ma'i rjes 'breng / tshe dbang bde chen snying po 'am gsang ba'i ming ni/ g.yung drung thogs med rtsal du 'bod pa'i rgyal khams kyi khol po ba mchog gsum drin chen bla ma de nyid nyin snang mtshan 'khrul sogs la skad cig gi snang ba dang mi 'bral ba'i zob po te (gte) rgan lus ngag 'chal por spyod pa'i 'jig rten skye 'gro phal pa ci lta ba des/ mi phyed dad pa'i rnam lngas sna drangs skyo gdung gi snang ba bcas te bon gyi 'dus sde chen po dpal ldan nor bu gling gi ri khrod kun bzang bde chen pho brang du/ shar tshad grogs su shar ba'i nyin par spel ba 'dis kyang gang shar gang dran thams cad ye shes kyi rtsal du grol zhing ka dag bon gyi skur brnyes pa'i rgyu gyur cig mang+ga lam//


Additional miscellaneous Collections

Mongolian Canon


source rKTs &