Colophon དེ་ལྟར་ལམ་ལྔ་མཁའ་འགྲོའི་སྒྲུབ་གཞུང་ལས། ཚོགས་ཀྱི་སྒོ་ནས་སྐོང་བཤགས་དམིགས་མེད་ཡོངས་ཁྱབ་ཞེས་བྱ་བ་འདི་ཡང་། གྱེར་སྤུངས་དྲན་པ་ནམ་མཁའི་ཐུགས་ཀྱི་ཡང་བཅུད། མ་རྒྱུད་ཀུན་གྱི་ཡང་སྙིང་ཟབ་པའི་ཡང་ཟབ་འདི་ཡང་། གྱེར་སྤུངས་དྲན་པ་ནམ་མཁས་ཕྱི་རབས་ལས་ལྡན་ཚེ་དབང་མུ་ལ་སྒྲོན་གསལ་གྱི་སྙིང་བུ་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་ལ་དངོས་གྲུབ་ཏུ་གནང་བའོ། ཕྱིས་སུ་ཤར་གྲོལ་སྨིན་གླིང་དུ་དཀར་ཆག་ཡི་གེར་གཏན་ལ་ཕབ་སྟེ་ལས་ཅན་བུ་ལ་བརྒྱུད་པའོ། དགེ་དེས་བླ་མེད་ཟབ་ལམ་མཁའ་འགྲོའི་སྐུ་རུ་ཤེས་པར་གྱུར་ཅིག་སརྦ་མངྒ*།། de ltar lam lnga mkha' 'gro'i sgrub gzhung las/ tshogs kyi sgo nas skong bshags dmigs med yongs khyab zhes bya ba 'di yang / gyer spungs dran pa nam mkha'i thugs kyi yang bcud/ ma rgyud kun gyi yang snying zab pa'i yang zab 'di yang / gyer spungs dran pa nam mkhas phyi rabs las ldan tshe dbang mu la sgron gsal gyi snying bu tshe dbang bde chen snying po'am g.yung drung thogs med rtsal du 'bod pa bdag la dngos grub tu gnang ba'o/ phyis su shar grol smin gling du dkar chag yi ger gtan la phab ste las can bu la brgyud pa'o/ dge des bla med zab lam mkha' 'gro'i sku ru shes par gyur cig sarba mang+ga*//