Colophon དེ་ལྟར་ལམ་ལྔ་མཁའ་འགྲོ་རྒྱ་མཚོའི་སྒྲབ་གཞུང་ལས། ཚོགས་ཀྱི་ཤོག་ཆུང་མཁའ་ཡངས་གཏེར་ཆེན་ཞེས་བྱ་བ་འདི་ཡང་། གྱེར་སྤུངས་དྲན་པ་ནམ་མཁའི་ཐུགས་ཀྱི་ཡང་བཅུད། མ་རྒྱུད་ཀུན་གྱི་ཡང་སྙིང་བཅུད་དུ་དྲིལ་བ་ཟབ་པའི་ཡང་ཟབ་འདི་ཡང་། གྱེར་སྤུངས་དྲན་པ་ནམ་མཁས་ཕྱི་རབས་ལས་ལྡན་གྱི་བུ་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་ལ་དངོས་གྲུབ་ཏུ་གནང་བའོ། ཕྱིས་སུ་ཤར་གྲོལ་སྨིན་གླིང་དུ་དཀར་ཆག་ཡི་གེར་གཏན་ལ་ཕབ་པའོ། དགེ་དེས་ཚོགས་ཀྱི་ལམ་ལས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་སརྦ་མངྒ*།། de ltar lam lnga mkha' 'gro rgya mtsho'i sgrab gzhung las/ tshogs kyi shog chung mkha' yangs gter chen zhes bya ba 'di yang / gyer spungs dran pa nam mkha'i thugs kyi yang bcud/ ma rgyud kun gyi yang snying bcud du dril ba zab pa'i yang zab 'di yang / gyer spungs dran pa nam mkhas phyi rabs las ldan gyi bu tshe dbang bde chen snying po'am g.yung drung thogs med rtsal du 'bod pa bdag la dngos grub tu gnang ba'o/ phyis su shar grol smin gling du dkar chag yi ger gtan la phab pa'o/ dge des tshogs kyi lam las ye shes kyi tshogs rdzogs par sarba mang+ga*//