ཕྱཝ་གཡང་ཆ་ལག་མེ་མཆོད་བཀྲ་ཤིས་འཁྱིལ་བ phywa g.yang cha lag me mchod bkra shis 'khyil ba
ཕྱཝ་གཡང་ཆ་ལག་མེ་མཆོད་བཀྲ་ཤིས་འཁྱིལ་བ phywa g.yang cha lag me mchod bkra shis 'khyil ba Bkt
Bkt15.45
ཕྱཝ་གཡང་ཆ་ལག་མེ་མཆོད་བཀྲ་ཤིས་འཁྱིལ་བ phywa g.yang cha lag me mchod bkra shis 'khyil ba
Location
set MW30498: volume tshe sgrub 'od dkar dpag med - folios 1a1-8a3
Colophon ཅེས་པའི་དངོས་གྲུབ་གཡང་གི་སྒྲབ་པའི་ལས་ཁ་བསང་མཆོད་སྦྱིན་སྲེག་འདི་ཡང་། སྟོན་པ་འཆི་མེད་(གཙུག་ཕུད)་ཀྱིས་མ་འོངས་དོན་དུ་གནོད་སྦྱིན་སྡེ་ཚོགས་ལས་ལ་བསྡུས་ཤིང་། སྒྲུབ་ཐབས་ཟབ་མོ་གཏན་ལ་ཕབ་ནས། གཤེན་གསང་བ་འདུས་པ་ལ་བསྟན། དེས་ལྷ་ཀླུ་མི་ཡི་གཤེན་གསུམ་ལ་བསྟན། དེས་ནཾམ་མཁའ་སྣང་བ་མདོག་ཅན་ལ་བསྟན། དེས་བླ་ཆེན་དྲན་པ་ནམ་མཁའ་ལ་བསྟན། དེས་རྒྱས་འབྲིང་བསྡུས་པར་ཕྱེས་ནས། གྲོལ་ཐོབ་སེམས་དཔའ་བརྒྱད་ལ་གདམས། དུས་དེར་བན་བཙུན་ཕྲག་དོག་དབང་གིས་བོན་རྣམས་བསྣབས་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བོན་སྡེ་ཆ་གཉིས་ཕྱེས་ནས། ཆ་གཅིག་རྒྱུང་སྲུབ་བྲག་ལ་སྦས། ཆ་གཅིག་རིག་འཛིན་མུ་ལ་སྒྲོན་གསལ་གྱིས་(གྱི)་ཕྱག་ཏུ་ཕུལ་ནས། དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་མ་དྲོས་གཡི་ཡི་མཚོ་མོའི་དབུས་རྣམ་རྒྱལ་དབང་མཆོག་གི་ཕོ་བྲང་ནང་དུ་གཏེར་དུ་སྦས། གཏེར་སྲུང་རྡོ་རྗེ་འབར་བ་དང་ཀླུ་མོ་དཀར་མོ་ལ་བཅོལ་ལོ། ཕྱིས་དུས་དང་སྐབས་སུ་བབ་པའི་དུས་སུ། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་མ་དྲོས་ལུང་བསྟན་ནས། བཀའ་གཏེར་ཆིག་དྲིལ་དུ་འགྲོ་མགོན་ཚེ་དབང་རིག་འཛིན་གྱིས་(བྱིན་གྱིས་རླབས)་པའི་བུས་(བུ)། ཚེ་དབང་བདེ་ཆེན་སྙིང་པོའམ། གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་ལ། དངོས་གྲུབ་ཏུ་བབ་པའོ། དེ་ལ་སྔོན་དུ་ད་ལྟའི་དུས་སུ་བསྟན་འགྲོའི་གྲོགས་པོར་གྱུར་བའི་དགེ་རྒན་ཤེས་རབ་ཕུན་ཚོགས་སྔོན་གྱི་བག་ཆགས་འཕྲོ་སད་རིན་ཆེན་དང་པོ་མར་ཞི་དང་། རྟེན་འབྲེལ་ཟབ་པའི་སྣ་དྲངས་ནས་བསྐྱལ་བ་དང་། མ་ཟད་ཤེལ་བླ་ཚུལ་ཁྲིམས་བསྟན་འཛིན་གྱིས་བསྐུར་བ་དང་། ཉེ་གནས་དཔལ་སྡིས་དང་། དཀོན་མཆོག་དང་། བསྟན་མཆོག་སོགས་དད་ཅན་འགའ་ཡིས་བསྐུལ་ངོར། སྨིན་གྲོལ་གླིང་དུ་ཡི་གེར་བྲིས་པའོ།། ces pa'i dngos grub g.yang gi sgrab pa'i las kha bsang mchod sbyin sreg 'di yang / ston pa 'chi med (gtsug phud) kyis ma 'ongs don du gnod sbyin sde tshogs las la bsdus shing / sgrub thabs zab mo gtan la phab nas/ gshen gsang ba 'dus pa la bstan/ des lha klu mi yi gshen gsum la bstan/ des naMm mkha' snang ba mdog can la bstan/ des bla chen dran pa nam mkha' la bstan/ des rgyas 'bring bsdus par phyes nas/ grol thob sems dpa' brgyad la gdams/ dus der ban btsun phrag dog dbang gis bon rnams bsnabs nas/ stang chen dmu tsha gyer med kyis bon sde cha gnyis phyes nas/ cha gcig rgyung srub brag la sbas/ cha gcig rig 'dzin mu la sgron gsal gyis (gyi) phyag tu phul nas/ de nyid kyis byin gyis brlabs pa'i gnas ma dros g.yi yi mtsho mo'i dbus rnam rgyal dbang mchog gi pho brang nang du gter du sbas/ gter srung rdo rje 'bar ba dang klu mo dkar mo la bcol lo/ phyis dus dang skabs su bab pa'i dus su/ stang chen dmu tsha gyer med kyis ma dros lung bstan nas/ bka' gter chig dril du 'gro mgon tshe dbang rig 'dzin gyis (byin gyis rlabs) pa'i bus (bu)/ tshe dbang bde chen snying po'am/ g.yung drung thogs med rtsal du 'bod pa bdag la/ dngos grub tu bab pa'o/ de la sngon du da lta'i dus su bstan 'gro'i grogs por gyur ba'i dge rgan shes rab phun tshogs sngon gyi bag chags 'phro sad rin chen dang po mar zhi dang / rten 'brel zab pa'i sna drangs nas bskyal ba dang / ma zad shel bla tshul khrims bstan 'dzin gyis bskur ba dang / nye gnas dpal sdis dang / dkon mchog dang / bstan mchog sogs dad can 'ga' yis bskul ngor/ smin grol gling du yi ger bris pa'o//