ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་འཆི་བསླུ་བར་ཆོད་ཀུན་སེལ tshe sgrub 'od dkar dpag med kyi cha lag 'chi bslu bar chod kun sel
ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་འཆི་བསླུ་བར་ཆོད་ཀུན་སེལ tshe sgrub 'od dkar dpag med kyi cha lag 'chi bslu bar chod kun sel Bkt
Bkt15.44
ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་འཆི་བསླུ་བར་ཆོད་ཀུན་སེལ tshe sgrub 'od dkar dpag med kyi cha lag 'chi bslu bar chod kun sel
Location
set MW30498: volume tshe sgrub 'od dkar dpag med - folios 1a1-10b4
Colophon ཅེས་པའི་ཚེ་སྒྲུབ་ཡེ་ཤེས་གྲཝ་གུར་གྱི་བླ་བསླུ་བར་ཆད་ཀུན་སེལ་འཆི་ཞགས་གཅོད་པའི་རལ་གྲི་ཞེས་བྱ་བ་འདི་ཡང་། གཤེན་འཆི་མེད་གཙུག་ཕུད་ཀྱིས་ཚེ་བདུད་སྡེ་ལྔ་དབང་དུ་བསྡུས་ནས་གསང་བ་འདུས་པ་ལ་བསྟན། དེ་ནས་རིམ་བཞིན་དྲན་པ་ནམ་མཁའ་ལ་བསྟན། དྲན་པས་རྒྱས་འབྲིང་བསྡུས་པ་མང་པོར་ཕྱེས་ཏེ། རྗེས་འབྲིང་གི་གྲོལ་ཐོབ་བརྒྱད་ལ་གདམས་སོ། བན་བཙུན་ཕྲག་དོག་དབང་གིས་བོན་བསྣུབ་དུས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བོན་འདི་ཟབ་ཅིང་དམར་བར་དགོངས་ཏེ། གཏེར་ཁ་ཆ་གཉིས་སུ་ཕྱེས་ནས། ཆ་གཅིག་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་རྒྱུང་སྲུབ་བྲག་རྒྱ་བོ་ལ་སྦས། ཆ་གཅིག་ཚེ་དབང་ཡབ་ཡུམ་གྱིས་མ་གྲོས་གཡུ་ཡི་མཚོ་མོ་རུ་བཙན་རྒྱལ་རྡོ་རྗེ་འབར་བ་དང་། ཀླུ་མོ་དཀར་མོ་ལ་གཉེར་བཅོལ་ཏེ། ཕྱིས་སུ་དུས་ལ་བབ་ཚེ་གཏེར་ཁ་ཆིག་དྲིལ་དུ་ཉམས་དང་རྨིས་ལྟས་འགའ་བཅས་ནས། 7ཚེ་དབང་རྗེས་འབྲེང་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་མིང་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་ལ་དངོས་གྲུབ་ཏུ་བབ་པའོ། དེ་ལ་ལས་ལྡན་གྱི་སྙིང་བུ་ཤེས་རབ་ཕུན་ཚོགས་ནས་སྐྱེ་བ་སྔོན་ནས་ལྷ་སྐལ་དུ་ཕོག་པ་ཡིན་པས། ད་ལྟ་བག་ཆགས་ཀྱི་འཕྲོ་སད་ནས་རིན་ཆེན་དང་པོ་མར་ཞི་གསེར་དང་། དགའ་དད་མོས་པའི་འདུན་པ་དང་བཅས་ནས་བསྐུར་(བསྐུལ)་བ་དང*། མ་ཟད་7བླ་ཆུང་ཚུལ་ཁྲིམས་བསྟན་འཛིན་དང་། ཉེ་གནས་དམ་པ་ལས་ཅན་འགའ་ཡིས་བསྐུལ་བ་ལ་བརྟེན་ནས། ཤར་གྲོལ་སྨིན་གླིང་དུ་ཡི་གེར་བཏབ་པའོ།། ces pa'i tshe sgrub ye shes grwa gur gyi bla bslu bar chad kun sel 'chi zhags gcod pa'i ral gri zhes bya ba 'di yang / gshen 'chi med gtsug phud kyis tshe bdud sde lnga dbang du bsdus nas gsang ba 'dus pa la bstan/ de nas rim bzhin dran pa nam mkha' la bstan/ dran pas rgyas 'bring bsdus pa mang por phyes te/ rjes 'bring gi grol thob brgyad la gdams so/ ban btsun phrag dog dbang gis bon bsnub dus/ stang chen dmu tsha gyer med kyis bon 'di zab cing dmar bar dgongs te/ gter kha cha gnyis su phyes nas/ cha gcig stang chen dmu tsha gyer med kyis rgyung srub brag rgya bo la sbas/ cha gcig tshe dbang yab yum gyis ma gros g.yu yi mtsho mo ru btsan rgyal rdo rje 'bar ba dang / klu mo dkar mo la gnyer bcol te/ phyis su dus la bab tshe gter kha chig dril du nyams dang rmis ltas 'ga' bcas nas/ 7tshe dbang rjes 'breng tshe dbang bde chen snying po'am/ gsang ming g.yung drung thogs med rtsal du 'bod pa bdag la dngos grub tu bab pa'o/ de la las ldan gyi snying bu shes rab phun tshogs nas skye ba sngon nas lha skal du phog pa yin pas/ da lta bag chags kyi 'phro sad nas rin chen dang po mar zhi gser dang / dga' dad mos pa'i 'dun pa dang bcas nas bskur (bskul) ba dang*/ ma zad 7bla chung tshul khrims bstan 'dzin dang / nye gnas dam pa las can 'ga' yis bskul ba la brten nas/ shar grol smin gling du yi ger btab pa'o//