ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་བླ་འགུག་སྲོག་གི་ཀ་བ tshe sgrub 'od dkar dpag med kyi cha lag bla 'gug srog gi ka ba
ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་བླ་འགུག་སྲོག་གི་ཀ་བ tshe sgrub 'od dkar dpag med kyi cha lag bla 'gug srog gi ka ba Bkt
Bkt15.37
ཚེ་སྒྲུབ་འོད་དཀར་དཔག་མེད་ཀྱི་ཆ་ལག་བླ་འགུག་སྲོག་གི་ཀ་བ tshe sgrub 'od dkar dpag med kyi cha lag bla 'gug srog gi ka ba
Location
set MW30498: volume tshe sgrub 'od dkar dpag med - folios 1a1-10b3
Colophon ཅེས་པའི་ཚེ་སྒྲབ་ཡེ་ཤེས་གྲ་གུར་གྱི་བླ་འགུག་སྲོག་གི་ཀ་བ་འདི་ཡང་། གཤེན་འཆི་མེད་གཙུག་ཕུད་ཀྱིས་ཚེ་བདུད་ནག་པོ་དམ་ལ་བཏགས་ནས། གཤེན་གསང་བ་འདུས་པ་ལ་བསྟན། དེས་སྟག་ལ་སོགས་རིམ་གྱིས་བརྒྱུད་ནས་དྲན་པ་ནམ་མཁའ་ལ་བརྒྱུད། དེས་རྒྱས་འབྲིང་བསྡུས་གསུམ་མང་དུ་ཕྱེས་ནས། གྲོལ་ཐོབ་སེམས་དཔའ་བརྒྱད་ལ་གདམས། དུས་དེར་བན་བཙུན་ཕྲག་དོག་དབང་གིས་བོན་བསྣུབས་ནས་བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བོན་འདི་ཟབ་པར་གཟིགས་ནས་གཏེར་ཁ་གསུམ་དུ་སྦས། ཆ་གཅིག་རྒྱུང་སྲུབ་གསང་བའི་བྲག་ལ་སྦས། ཆ་གཅིག་ཚེ་དབང་རིག་འཛིན་གྱི་(གྱིས)་ཕྱག་ཏུ་བསྣམས་ནས། མ་དྲོས་གཡུ་ཡི་མཚོ་མོ་ཁྲུས་ཀྱི་རྫིང་བུའི་ནང་དུ་གཏེར་དུ་སྦས། གཏེར་སྲུང་རྡོ་རྗེ་འབར་བ་དང་ཀླུ་མོ་དཀར་མོ་ལ་གཉེར་དུ་གཏད། ཕྱིས་སུ་རྟེན་འབྲེལ་དུས་ལ་བབ་ནས། སྤྲལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཛིན། ཚེ་དབང་བདེ་ཆེན་སྙིང་པོ་བདག་ལ་གཏེར་ཁ་གསུམ་དགོངས་པ་ཆིག་དྲིལ་དུ་དངོས་གྲུབ་བབ་ནས་ཡོད་སྐབས། ལས་ཅན་གྱི་སྐྱེས་བུ་ཤེས་རབ་ཕུན་ཚོགས་ནས། སྐྱེ་བ་སྔོན་ནས་ལྷ་སྐལ་དུ་ཕོག་པའི་འཕྲོ་སད་དེ་བསྐུལ་བ་དང*། མ་ཟད་བླ་ཆུང་ཚུལ་ཁྲིམས་བསྟན་འཛིན་དང*། ཉེ་གནས་བསྟན་སྦྱིན་དཔལ་སྡིས་དང་། དཀོན་མཆོག་བསྟན་མཆོག་སོགས་འགའ་ཡིས་བསྐུར་(བསྐུལ)་བ་ལ་བརྟེན་ནས། ཤར་གྲོལ་སྨིན་གླིང་དུ་ཡི་གེར་བཏབ་ཏེ་(སྟེ)་འབྲི་བ་པོ་ནི། ས་ཏྲིག་མིང་གིས་བསྐྲུན་པའོ།། ces pa'i tshe sgrab ye shes gra gur gyi bla 'gug srog gi ka ba 'di yang / gshen 'chi med gtsug phud kyis tshe bdud nag po dam la btags nas/ gshen gsang ba 'dus pa la bstan/ des stag la sogs rim gyis brgyud nas dran pa nam mkha' la brgyud/ des rgyas 'bring bsdus gsum mang du phyes nas/ grol thob sems dpa' brgyad la gdams/ dus der ban btsun phrag dog dbang gis bon bsnubs nas bstan pa rin po che gter du gshegs/ stang chen dmu tsha gyer med kyis bon 'di zab par gzigs nas gter kha gsum du sbas/ cha gcig rgyung srub gsang ba'i brag la sbas/ cha gcig tshe dbang rig 'dzin gyi (gyis) phyag tu bsnams nas/ ma dros g.yu yi mtsho mo khrus kyi rdzing bu'i nang du gter du sbas/ gter srung rdo rje 'bar ba dang klu mo dkar mo la gnyer du gtad/ phyis su rten 'brel dus la bab nas/ spral sku blo ldan snying po'i rjes 'dzin/ tshe dbang bde chen snying po bdag la gter kha gsum dgongs pa chig dril du dngos grub bab nas yod skabs/ las can gyi skyes bu shes rab phun tshogs nas/ skye ba sngon nas lha skal du phog pa'i 'phro sad de bskul ba dang*/ ma zad bla chung tshul khrims bstan 'dzin dang*/ nye gnas bstan sbyin dpal sdis dang / dkon mchog bstan mchog sogs 'ga' yis bskur (bskul) ba la brten nas/ shar grol smin gling du yi ger btab te (ste) 'bri ba po ni/ sa trig ming gis bskrun pa'o//