Catalog entry rKTs-B2029
དངོས་གྲུབ་གསང་བའི་སྒྲུབ་པ་འོད་དཀར་གནས་འཛིན་གཡང་གི་སྒྲུབ་གཞུང་བདུད་རྩིའི་ཟིལ་ཐིག
dngos grub gsang ba'i sgrub pa 'od dkar gnas 'dzin g.yang gi sgrub gzhung bdud rtsi'i zil thig




Bkt15.36

དངོས་གྲུབ་གསང་བའི་སྒྲུབ་པ་འོད་དཀར་གནས་འཛིན་གཡང་གི་སྒྲུབ་གཞུང་བདུད་རྩིའི་ཟིལ་ཐིག
dngos grub gsang ba'i sgrub pa 'od dkar gnas 'dzin g.yang gi sgrub gzhung bdud rtsi'i zil thig


Location
set MW30498: volume tshe sgrub 'od dkar dpag med - folios 1a1-39a5

Colophon
དུས་དེར་བོན་འདི་ཕྱི་རབས་འགྲོ་ལ་ཟབ་པར་དགོངས་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་ཆ་གཅིག་བསྣམས་ནས་རྒྱུང་སྲུབ་གསང་བའི་བྲག་རྒྱ་བོ་རུ་སྦལ་མཆོང་བ་འདྲ་བ་རུ་མི་འགྱུར་མཚལ་གྱིས་རྒྱས་བཏབ་ནས། གཏེར་སྲུང་བདུད་ནག་འབར་བ་ལ་གཉེར་དུ་གཏད་ནས་སྦས་སོ། ཆ་གཅིག་ཚེ་དབང་རིག་འཛིན་གྱི་བསྣམས་ནས་གྱིམ་ཤོད་གནས་ཀྱི་བྱང་ནུབ་རིག་འཛིན་མཁའ་འགྲོས་བྱིན་གྱིས་རློབས་པའི་གནས་མ་གྲོས་གཡུའི་མཚོ་ལ་(མོ)་ཁྲུས་ཀྱི་རྫིང་བུའི་ནང་དུ་གཏེར་དུ་སྦས། གཏེར་སྲུང་བཙན་རྒྱལ་རྡོ་རྗེ་འབར་བ་དང་ཀླུ་མོ་དཀར་མོ་(ལ)་གཉེར་དུ་གཏད་ནས། ཕྱིས་སུ་དུས་ལ་བབ་ཚེ་ལས་ལྡན་སྐྱེས་བུ་བདག་གི་བྱིན་གྱིས་རློབས་པའི་བུ་ལ་འཕྲོད་པར་གྱིས་ཤིག་ཅེས་བཀའ་གཏད་སྨོན་ལམ་དང་བཅས་སྦས་སོ། ཕྱིས་སུ་བསྟན་འགྲོའི་དུས་ལ་བབ་ཚེ། གཏེར་སྲུང་གི་དངོས་སྣང་མི་ཡི་གཟུགས་སུ་བསྟན་ནས་ཡི་གེ་བསྟན་པ་དང་། དངོས་མེད་རྨི་ལམ་ལ་ལུང་སྟོན་པའི་ཚུལ་མང་དུ་བྱུང་ཡང*། གནས་སྐབས་སུ་བཏང་སྙོམས་སུ་སོང་ཀྱང་(ཡང)་། ཞག་འགའ་སོང་བའི་ནུབ་ཅིག་ཤར་གྲོལ་སྨིན་གླིང་དུ་རང་གཅིག་བུ་རུ་རིག་པ་རྐྱང་དེད་བྱས་ནས་ཡོད་སྐབས། གར་བྱུང་མེད་པའི་མི་གཞན་དང་མི་འདྲ་བ་ཞིག་གིས་སྒོ་ཕྱེས་ནས་རང་གི་སྔོན་དུ་བསྡད་དེ། བླ་མ་ལག་དཔེ་ཆ་འདི་ལ་ལྟད་མོ་ལྟོས་ཟེར་ནས་པོད་ཆུང་ཞིག་བསྟན་བྱུང་། བདག་གིས་བལྟས་པས་ཚེ་གཡང་གི་སྒྲུབ་པ་སྔོན་ནས་མཐོང་མ་བྱུང་བའི་དཔེ་ཆ་རུ་འདུག་པ་དེ་འགོ་ནས་མཇུག་རིམ་པར་བཀླག་སྟེ་དགའ་བའི་བློ་ཅུང་ཤར་ཏེ་ཕར་ལ་སྤྲད་པས། དེ་ཀ་རུ་བཞག་ནས། སྒོ་ཕར་ལ་ཐོན་མ་ཁད་དུ། རླུང་འཚུབ་གཅིག་ཏུ་བརྫུས་ནས་ག་སོང་ཆ་མེད་དུ་སོང་ངོ་། བདག་གི་སྔོན་གྱི་ཡི་གེ་གར་ཡོད་བལྟས་པས་མ་རྙེད། འགོ་མཇུག་གི་འབྲུ་དོན་རྣམས་ཡིད་ལ་འཁོད་དེ་བྱུང*། དེ་ནུབ་ཉལ་བའི་ཐོ་རངས་ལ་ལུང་གི་བདག་ཉིད་7སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་ཚེ་གཡང་སྒྲུབ་ཐབས་འདི་གཉིས་དུས་དང་སྐབས་ལ་བབ་པ་ཡིན་གསུངས་ནས། འགོ་མཇུག་བར་གསུམ་ལུང་བསྟན་ནས་གཏེར་ཁ་ཆ་གཉིས་དགོངས་པས་ཆིག་དྲིལ་ཐུན་མོངས་ཡིན་(ཡི)་གསལ་ཆ་དེ་འགག་སོང་། ཕྱིར་ཉིན་སྐྱེ་བ་སྔོན་ནས་བསྟན་འགྲོའི་གྲོགས་པོར་གྱུར་པའི་ལས་ལྡན་སྐྱེས་བུ་དགེ་རྒན་ཤེས་རབ་ཕུན་ཚོགས་ལ་སྨྲས་པས། ཁོ་ཡང་སྔོན་གྱི་འཕྲོ་སད་ཅིང་སྐྱེ་གང་(བ་གོང)་མར་ལྷ་སྐལ་དུ་ཕོག་པ་ཡིན་པས། དུས་འདིར་སྐབས་སུ་བབ་ནས་རིགས་པའི་སྒོ་དཀྲོལ་ནས། རྟེན་འབྲེལ་ལེགས་མཚོན་རིན་ཆེན་དང་པོ་མར་ཞི་གསེར་དང་གྱེན་ཟློག་མི་ནུས་པའི་བཀའ་སྲུང་གིས་བསྐུལ་བ་དང*། མ་ཟད་ཤེལ་བླ་ཚུལ་ཁྲིམས་བསྟན་འཛིན་དང་། ཉེ་གནས་དཔལ་སྡིས་དཀོན་མཆོག་དང*། ཨ་ཤག་བསྟན་མཆོག་སོགས་ཀྱི་རྟེན་འབྲེལ་ཙམ་བསྐྱལ་བ་ལ་བརྟེན་ནས། སྟང་ཆེན་དམུ་ཙ་གྱེར་མེད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཛིན། འགྲོ་བའི་མགོན་པོ་ཚེ་དབང་རིག་འཛིན་(གྱི)་སྙིང་བུ། གདུང་རྒྱུད་དྲུག་གི་ནང་ནས་རྒོད་རྗེའི་གདུང་རྒྱུད། མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ནང་ནས་ཤེལ་ཞིག་གི་རིགས་རུས་འཆང་བའི། ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ། མ་ཅིག་སྲིད་པའི་རྒྱལ་མོས་མ་ཅིག་བུ་གདུང་བའི་ཚུལ་དུ་མིང་ནི། དྷ་ན་ཙིཏ་ཧྲི་ཧོ་ཞེས་པ། དབྱིངས་ཀྱི་གསང་མཚན་དུ་མས་བརྒྱན་པ་རྒྱལ་ཁམས་ཀྱི་ཁོལ་པོ་བ་དེས་ཤར་གྲོལ་སྨིན་གླིང་དུ་དཀར་ཆག་ཡི་གེར་བཏབ་པའོ།།
dus der bon 'di phyi rabs 'gro la zab par dgongs nas/ stang chen dmu tsha gyer med kyis cha gcig bsnams nas rgyung srub gsang ba'i brag rgya bo ru sbal mchong ba 'dra ba ru mi 'gyur mtshal gyis rgyas btab nas/ gter srung bdud nag 'bar ba la gnyer du gtad nas sbas so/ cha gcig tshe dbang rig 'dzin gyi bsnams nas gyim shod gnas kyi byang nub rig 'dzin mkha' 'gros byin gyis rlobs pa'i gnas ma gros g.yu'i mtsho la (mo) khrus kyi rdzing bu'i nang du gter du sbas/ gter srung btsan rgyal rdo rje 'bar ba dang klu mo dkar mo (la) gnyer du gtad nas/ phyis su dus la bab tshe las ldan skyes bu bdag gi byin gyis rlobs pa'i bu la 'phrod par gyis shig ces bka' gtad smon lam dang bcas sbas so/ phyis su bstan 'gro'i dus la bab tshe/ gter srung gi dngos snang mi yi gzugs su bstan nas yi ge bstan pa dang / dngos med rmi lam la lung ston pa'i tshul mang du byung yang*/ gnas skabs su btang snyoms su song kyang (yang) / zhag 'ga' song ba'i nub cig shar grol smin gling du rang gcig bu ru rig pa rkyang ded byas nas yod skabs/ gar byung med pa'i mi gzhan dang mi 'dra ba zhig gis sgo phyes nas rang gi sngon du bsdad de/ bla ma lag dpe cha 'di la ltad mo ltos zer nas pod chung zhig bstan byung / bdag gis bltas pas tshe g.yang gi sgrub pa sngon nas mthong ma byung ba'i dpe cha ru 'dug pa de 'go nas mjug rim par bklag ste dga' ba'i blo cung shar te phar la sprad pas/ de ka ru bzhag nas/ sgo phar la thon ma khad du/ rlung 'tshub gcig tu brdzus nas ga song cha med du song ngo / bdag gi sngon gyi yi ge gar yod bltas pas ma rnyed/ 'go mjug gi 'bru don rnams yid la 'khod de byung*/ de nub nyal ba'i tho rangs la lung gi bdag nyid 7stang chen dmu tsha gyer med kyis tshe g.yang sgrub thabs 'di gnyis dus dang skabs la bab pa yin gsungs nas/ 'go mjug bar gsum lung bstan nas gter kha cha gnyis dgongs pas chig dril thun mongs yin (yi) gsal cha de 'gag song / phyir nyin skye ba sngon nas bstan 'gro'i grogs por gyur pa'i las ldan skyes bu dge rgan shes rab phun tshogs la smras pas/ kho yang sngon gyi 'phro sad cing skye gang (ba gong) mar lha skal du phog pa yin pas/ dus 'dir skabs su bab nas rigs pa'i sgo dkrol nas/ rten 'brel legs mtshon rin chen dang po mar zhi gser dang gyen zlog mi nus pa'i bka' srung gis bskul ba dang*/ ma zad shel bla tshul khrims bstan 'dzin dang / nye gnas dpal sdis dkon mchog dang*/ a shag bstan mchog sogs kyi rten 'brel tsam bskyal ba la brten nas/ stang chen dmu tsa gyer med kyi bka' yi pho nya/ sprul sku blo ldan snying po'i rjes 'dzin/ 'gro ba'i mgon po tshe dbang rig 'dzin (gyi) snying bu/ gdung rgyud drug gi nang nas rgod rje'i gdung rgyud/ mdo smad zhig po bco brgyad kyi nang nas shel zhig gi rigs rus 'chang ba'i/ tshe dbang bde chen snying po'am/ gsang ba'i ming ni g.yung drung thogs med rtsal du 'bod pa/ ma cig srid pa'i rgyal mos ma cig bu gdung ba'i tshul du ming ni/ d+ha na tsita hri ho zhes pa/ dbyings kyi gsang mtshan du mas brgyan pa rgyal khams kyi khol po ba des shar grol smin gling du dkar chag yi ger btab pa'o//


Additional miscellaneous Collections

Mongolian Canon


source rKTs &