Catalog entry rKTs-B2027
ཕྱཝ་ཚེ་གཡང་གི་སྒྲུབ་པ་ལས་བསྐང་བ་རད་ནའི་ཕྲེང་བ
phywa tshe g.yang gi sgrub pa las bskang ba rad na'i phreng ba




Bkt15.34

ཕྱཝ་ཚེ་གཡང་གི་སྒྲུབ་པ་ལས་བསྐང་བ་རད་ནའི་ཕྲེང་བ
phywa tshe g.yang gi sgrub pa las bskang ba rad na'i phreng ba


Location
set MW30498: volume tshe sgrub 'od dkar dpag med - folios 1a1-7a3

Colophon
ཅེས་པའི་དངོས་གྲུབ་གཡང་གི་སྒྲུབ་པ་ལས། སྐོང་བ་རད་ནའི་ཕྲེང་བ་འདི་ཡང་། འཆི་མེད་གཙུག་ཕུད་ཀྱིས་གནོད་སྦྱིན་སྡེ་ཚོགས་ལས་ལ་བསྡུས་ནས་མ་འོངས་པའི་དོན་དུ་གཤེན་གསང་བ་འདུས་པ་ལ་བསྟན། དེས་སྟག་ལ་མེ་འབར་ལ་བསྟན། དེས་ལྷ་ཀླུ་མི་ཡི་གཤེན་གསུམ་ལ་བསྟན། དེས་སྣང་བ་མདོག་ཅན་ལ་བརྒྱུད། དེས་དྲན་པ་ནམ་མཁའ་ལ་བརྒྱུད། དྲན་པས་རྒྱས་འབྲིང་བསྡུས་གསུམ་ཕྱེས་ནས། གྲོལ་ཐོབ་རིག་འཛིན་བརྒྱད་ལ་གདམས། དུས་དེར་བན་བཙུན་ཕྲག་དོགས་དབང་གིས་བོན་རྣམས་སྣུབ་པས། གཡུང་དྲུང་གི་བོན་རྣམས་གཏེར་དུ་གཤེགས་ནས། སྟང་ཆེན་དམུ་ཙ་གྱེར་མེད་ཀྱིས་བོན་རྣམས་ཟབ་པར་གཟིགས་ནས། ཚེ་གཡང་ཁ་སྤྲོད་འདི་ཡང་བོན་སྡེ་ཆ་གཉིས་ཕྱེས་ནས་ཆ་གཅིག་རྒྱུང་སྲུབ་ཤེལ་བྲག་ལ་སྦས། ཆ་གཅིག་ཚེ་དབང་རིག་འཛིན་གྱི་ཕྱག་ཏུ་ཕུལ་ནས། ཚེ་དབང་རིག་འཛིན་གྱིས་མ་གྲོས་གཡུའི་མཚོ་མོའི་དབུས་སུ་སྦས། གཏེར་སྲུང་རྡོ་རྗེ་འབར་བ་ལ་གཏད་དོ། ཕྱིས་སུ་རྟེན་འབྲེལ་དུས་ལ་བབ་ཚེ། འགྲོ་བའི་མགོན་པོ་ཚེ་དབང་རིག་འཛིན་གྱི་སྙིང་བུ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འབྲེང*། ཚེ་དབང་བདེ་ཆེན་སྙིང་པོ་འམ། གསང་མཚན་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག། བཀའ་གཏེར་ཆིག་དྲིལ་དུ་དངོས་གྲུབ་དུ་བབ་པའོ། དེའི་སྐབས་བསྟན་འགྲོའི་གྲོགས་པོར་གྱུར་པ་ཤེས་རབ་ཕུན་ཚོགས་ཀྱིས་རིན་ཆེན་དང་པོ་རྟེན་འབྲེལ་བརྡའ་མཚོན་ཏེ། ནན་ཆེར་བསྐུལ་བ་ལ་བརྟེན་ནས་ཡོད་མཚམས་རིགས་ལྡན་བུ་སློབ་འགའ་ཡིས་བསྐུལ་བ་ལ་བརྟེན་ནས་ཤར་གྲོལ་སྨིན་གླིང་དུ་དཀར་ཆག་ཡིག་གེར་བཏབ་པའོ། དགེ་དེས་བོན་བསྟན་ཡུན་དུ་གནས་ཤིང་འགྲོ་ཀུན་ལོངས་སྤྱོད་ཕུན་སུམ་འཚོགས་པའི་རྒྱུར་གྱུར་ཅིག།
ces pa'i dngos grub g.yang gi sgrub pa las/ skong ba rad na'i phreng ba 'di yang / 'chi med gtsug phud kyis gnod sbyin sde tshogs las la bsdus nas ma 'ongs pa'i don du gshen gsang ba 'dus pa la bstan/ des stag la me 'bar la bstan/ des lha klu mi yi gshen gsum la bstan/ des snang ba mdog can la brgyud/ des dran pa nam mkha' la brgyud/ dran pas rgyas 'bring bsdus gsum phyes nas/ grol thob rig 'dzin brgyad la gdams/ dus der ban btsun phrag dogs dbang gis bon rnams snub pas/ g.yung drung gi bon rnams gter du gshegs nas/ stang chen dmu tsa gyer med kyis bon rnams zab par gzigs nas/ tshe g.yang kha sprod 'di yang bon sde cha gnyis phyes nas cha gcig rgyung srub shel brag la sbas/ cha gcig tshe dbang rig 'dzin gyi phyag tu phul nas/ tshe dbang rig 'dzin gyis ma gros g.yu'i mtsho mo'i dbus su sbas/ gter srung rdo rje 'bar ba la gtad do/ phyis su rten 'brel dus la bab tshe/ 'gro ba'i mgon po tshe dbang rig 'dzin gyi snying bu/ sprul sku blo ldan snying po'i rjes 'breng*/ tshe dbang bde chen snying po 'am/ gsang mtshan g.yung drung thogs med rtsal du 'bod pa bdag/ bka' gter chig dril du dngos grub du bab pa'o/ de'i skabs bstan 'gro'i grogs por gyur pa shes rab phun tshogs kyis rin chen dang po rten 'brel brda' mtshon te/ nan cher bskul ba la brten nas yod mtshams rigs ldan bu slob 'ga' yis bskul ba la brten nas shar grol smin gling du dkar chag yig ger btab pa'o/ dge des bon bstan yun du gnas shing 'gro kun longs spyod phun sum 'tshogs pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &