Catalog entry rKTs-B2024
ཚེ་སྒྲབ་འོད་དཀར་དཔག་མེད་ཀྱི་ཚོགས་མཆོད་ཟད་མེད་ཆུ་གཏེར
tshe sgrab 'od dkar dpag med kyi tshogs mchod zad med chu gter




Bkt15.31

ཚེ་སྒྲབ་འོད་དཀར་དཔག་མེད་ཀྱི་ཚོགས་མཆོད་ཟད་མེད་ཆུ་གཏེར
tshe sgrab 'od dkar dpag med kyi tshogs mchod zad med chu gter


Location
set MW30498: volume tshe sgrub 'od dkar dpag med - folios 1a1-5b3

Colophon
དེ་ལྟར་འཆི་མེད་ཚེ་རུ་སྒྲབ་པའི་ཚོགས་ཀྱི་ཡན་ལག་ཟད་མེད་བདུད་རྩིའི་ཆུ་གཏེར་འདི་ཡང་། རིག་འཛིན་གོང་མ་རྣམས་ཀྱི་ཐུགས་བཅུད། སྟང་ཆེན་དམུ་ཚ་ཉིད་ཀྱི་གསང་ལུང་། འཆི་མེད་ཚེ་རུ་སྒྲུབ་པའི་ཡང་བཅུད་འདི་ཡང་། འཆི་མེད་གཙུག་ཕུད་ཀྱིས་གཤེན་གསང་བ་འདུས་པ་ལ་བསྟན་ནས་རིམ་གྱིས་བརྒྱུད་དེ། བླ་ཆེན་དྲན་པས་ཀྱང་རྒྱས་འབྲིང་རིམ་པར་ཕྱེས་ནས་གྲོལ་ཐོབ་བརྒྱད་ལ་གདམ་(གདམས)། གཏེར་ཁ་ཆ་གཉིས་སྦས་པའི་ལུང་བསྟན་རིམ་གྱིས་ཐོབ་ནས། དགོངས་པ་ཐུན་མོང་ཆིག་དྲིལ་དུ་འདུག་ཕྱིར། སྟང་ཆེན་དམུ་ཚའི་ཞལ་ལུང་དང་། གཙན་རྒྱལ་རྡོ་རྗེ་འབར་བས་དུས་བབ་ཀྱི་ཡིག་རིས་དངོས་ཕུལ་བཞིན། ཚེ་དབང་བླ་མའི་རྗེས་འབྲིང་7ཚེ་དབང་བདེ་ཆེན་སྙིང་པོ་བདག་ལ། སྐྱེ་བ་སྔོན་གྱི་ལྷ་སྐལ་ཟབ་མོར་ཕོག་པའི་སྙིང་བུ་ཤེས་རབ་ཕུན་ཚོགས་ནས*། སྔོན་ཀྱི་(གྱི)་ལས་ཀྱི་འཕྲོ་སད་ནས་བསྐུར་(བསྐུལ)་བ་དང*། མ་ཟད་བླ་ཆུང་ཚུལ་ཁྲིམས་བསྟན་འཛིན་དང་། ཡུལ་མི་དད་སྦྱིན་སོགས་ཀྱིས་བསྐུར་(བསྐུལ)་བ་ལ་བརྟེན་ནས། ཤར་གྲོལ་སྨིན་གླིང་དུ་དཀར་ཆག་ཡི་གེར་བཏབ་པ་འདིས་ཀྱང་བདེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག།
de ltar 'chi med tshe ru sgrab pa'i tshogs kyi yan lag zad med bdud rtsi'i chu gter 'di yang / rig 'dzin gong ma rnams kyi thugs bcud/ stang chen dmu tsha nyid kyi gsang lung / 'chi med tshe ru sgrub pa'i yang bcud 'di yang / 'chi med gtsug phud kyis gshen gsang ba 'dus pa la bstan nas rim gyis brgyud de/ bla chen dran pas kyang rgyas 'bring rim par phyes nas grol thob brgyad la gdam (gdams)/ gter kha cha gnyis sbas pa'i lung bstan rim gyis thob nas/ dgongs pa thun mong chig dril du 'dug phyir/ stang chen dmu tsha'i zhal lung dang / gtsan rgyal rdo rje 'bar bas dus bab kyi yig ris dngos phul bzhin/ tshe dbang bla ma'i rjes 'bring 7tshe dbang bde chen snying po bdag la/ skye ba sngon gyi lha skal zab mor phog pa'i snying bu shes rab phun tshogs nas*/ sngon kyi (gyi) las kyi 'phro sad nas bskur (bskul) ba dang*/ ma zad bla chung tshul khrims bstan 'dzin dang / yul mi dad sbyin sogs kyis bskur (bskul) ba la brten nas/ shar grol smin gling du dkar chag yi ger btab pa 'dis kyang bde legs phun sum tshogs pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &