འོད་དཀར་དཔག་མེད་ཚེ་ཡི་སྒྲུབ་པ་ཡེ་ཤེས་གྲ་གུར 'od dkar dpag med tshe yi sgrub pa ye shes gra gur
འོད་དཀར་དཔག་མེད་ཚེ་ཡི་སྒྲུབ་པ་ཡེ་ཤེས་གྲ་གུར 'od dkar dpag med tshe yi sgrub pa ye shes gra gur Bkt
Bkt15.13
འོད་དཀར་དཔག་མེད་ཚེ་ཡི་སྒྲུབ་པ་ཡེ་ཤེས་གྲ་གུར 'od dkar dpag med tshe yi sgrub pa ye shes gra gur
Location
set MW30498: volume tshe sgrub 'od dkar dpag med - folios 1a1-59a5
Colophon དེ་ནས་མ་འོངས་སྙིགས་མའི་དུས་ལ་བབ་ཚེ་གཏེར་སྲུང་གིས་དངོས་མེད་རྨི་ལམ་ལ་བརྟེན་ནས་ཟབ་པའི་བོན་སྐལ་དུ་སྤྲད་པས། དངོས་མེད་གཟུགས་སུ་བསྟན་ནས་འཇའ་ཚོན་གུར་རིས་གསུམ་ཕུབ་ནས་བསྟན་སོགས་ནི། དེར་ཡོད་པའི་མི་ཡིས་མངོན་སུམ་དུ་མཐོང་བ་སོགས་བྱུང་ཡང་བཏང་སྙོམས་སུ་བཞག་ནས་ཡོད་སྐབས། རང་གཅིག་བུར་ཤར་གྲོལ་སྨིན་བདག་གིས་བལྟས་པས་སྔ་ནས་མ་མཐོང་གླིང་ལ་རིག་པ་རྐྱང་དེད་བྱས་ནས་ཡོད་སྐབས། གར་བྱུང་མེད་པའི་གཞན་དང་མི་འདྲ་བ་ཞིག་གིས་སྒོ་ཕྱེས་ནས་སླེབས་པ་དེ་ཡིས་ཡི་གེ་འདི་ལ་ལྟད་མོ་ལྟོས་གསུངས་ནས་པོད་ཆུང་ཞིག་བདག་ལ་བསྟན་བྱུང་། བའི་ཚེ་སྒྲུབ་གཡུང་དྲུང་གྲ་གུར་དང་། གཡང་སྒྲུབ་དམུ་ཡད་བདུད་རྩིའི་ཟིལ་ཐིག་གཉིས་འདུག་པ་དེ་ལ་ལྟད་མོ་རེས་འགའ་ལ་བལྟས་ནས་ཕར་ལ་སྤྲད་པས། དེ་ཕར་བཞག་ནས་མི་ཡི་སྒོ་ཕར་ཐོན་མ་ཙམ་རླུང་འཚུབས་སུ་བརྫུས་ནས་གར་སོང་ཆ་མེད་དུ་གཤེགས་སོང་། དེ་ནས་བདག་གིས་སྔར་གྱི་ཡིག་གེ་གར་ཡོད་བལྟས་པས་མ་རྙེད། ནང་གི་ཡིག་དོན་ཡིད་ལ་སེམས་པར་བྱུང་། དེ་ནུབ་ཉལ་བའི་ཐོ་རངས་ནས་ལུང་གི་བདག་ཉིད་7སྟང་ཆེན་དམུ་ཚ་གྱེར་མེད་ཉིད་ཀྱིས་ཚེ་ཡི་སྒྲུབ་ཐབས་དང་། གཡང་གི་སྒྲབ་པ་གཉིས་འགོ་ནས་འཇུག་གི་བར་དུ་ལུང་བསྟན་ནས། འདི་ཉིད་དུས་ལ་བབ་པས་གཏེར་ཁ་ཆ་གཉིས་སྦས་པའི་དགོངས་དོན་ཆིག་དྲིལ་ཡིན་གསུངས་ཏེ། གསལ་ཆ་དེ་འགག་སོང་ངོ་། དེ་ཡི་ཕྱི་ཉིན་སྐྱེ་བ་གོང་ནས་འགྲོགས་པའི་གྲོགས་པོ་རིགས་ལྡན་གྱི་སྙིང་བུ་དགེ་རྒན་ཤེས་རབ་ཕུན་ཚོགས་ལ་སྨྲས་པས། རིགས་ལྡན་དེ་ཉིད་ཀྱང་སྐྱེ་བ་གོང་ནས་ལྷ་སྐལ་ཕོག་ཅིང་སྒྲབ་པའི་ལས་འཕྲོ་སད་ནས། དགྱེས་པའི་གད་མོ་དང་དགའ་བའི་མཆོང་འཁྲབ་དང་བཅས་ཏེ་གྱེན་ལྡོག་མི་ནུས་པའི་ཚིག་དང*། རྟེན་འབྲེལ་མཚོན་བྱེད་ཚེ་རྫས་རིན་ཆེན་དང་པོ་མར་ཞི་བཅས་ཀྱིས་སྣ་དྲངས་ནས་བསྐུལ་བ་དང་། མ་ཟད་7བླ་ཆུང་ཚུལ་ཁྲིམས་བསྟན་འཛིན་གྱིས་དད་འདུན་མོས་པ་ཆེན་པོས་ཡང་ནས་ཡང་དུ་བསྐུར་བ་དང་། རང་སློབ་དཔལ་སྡིས་དང་དཀོན་མཆོག་ཨ་ཤག་བསྟན་མཆོག་སོགས་དད་སྦྱིན་རེས་འགས་བསྐྱལ་བ་ལ་བརྟེན་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འབྲེང*། གསང་འདུས་མངོན་བྱོན་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་སྙིང་བུ་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་ལམ། མ་མཆོག་སྲིད་པའི་རྒྱལ་མོས་མ་གཅིག་བུ་གདུང་གི་ཚུལ་དུ་མིང་ནི། དྷུ་ན་ཙཱི་ཏ་ཧྲི་ཧོ་ཞེས་པ་དེས། ཤར་གྲོལ་སྨིན་གླིང་དུ་དཀར་ཆགས་(ཆག)ཡི་གེར་བཏབ་པའོ། དགེ་དེས་སགས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཤིང་འཛམ་གླིང་ཡོངས་ལ་ཁྱབ་པའི་རྒྱུར་གྱུར་ཅིག། de nas ma 'ongs snyigs ma'i dus la bab tshe gter srung gis dngos med rmi lam la brten nas zab pa'i bon skal du sprad pas/ dngos med gzugs su bstan nas 'ja' tshon gur ris gsum phub nas bstan sogs ni/ der yod pa'i mi yis mngon sum du mthong ba sogs byung yang btang snyoms su bzhag nas yod skabs/ rang gcig bur shar grol smin bdag gis bltas pas snga nas ma mthong gling la rig pa rkyang ded byas nas yod skabs/ gar byung med pa'i gzhan dang mi 'dra ba zhig gis sgo phyes nas slebs pa de yis yi ge 'di la ltad mo ltos gsungs nas pod chung zhig bdag la bstan byung / ba'i tshe sgrub g.yung drung gra gur dang / g.yang sgrub dmu yad bdud rtsi'i zil thig gnyis 'dug pa de la ltad mo res 'ga' la bltas nas phar la sprad pas/ de phar bzhag nas mi yi sgo phar thon ma tsam rlung 'tshubs su brdzus nas gar song cha med du gshegs song / de nas bdag gis sngar gyi yig ge gar yod bltas pas ma rnyed/ nang gi yig don yid la sems par byung / de nub nyal ba'i tho rangs nas lung gi bdag nyid 7stang chen dmu tsha gyer med nyid kyis tshe yi sgrub thabs dang / g.yang gi sgrab pa gnyis 'go nas 'jug gi bar du lung bstan nas/ 'di nyid dus la bab pas gter kha cha gnyis sbas pa'i dgongs don chig dril yin gsungs te/ gsal cha de 'gag song ngo / de yi phyi nyin skye ba gong nas 'grogs pa'i grogs po rigs ldan gyi snying bu dge rgan shes rab phun tshogs la smras pas/ rigs ldan de nyid kyang skye ba gong nas lha skal phog cing sgrab pa'i las 'phro sad nas/ dgyes pa'i gad mo dang dga' ba'i mchong 'khrab dang bcas te gyen ldog mi nus pa'i tshig dang*/ rten 'brel mtshon byed tshe rdzas rin chen dang po mar zhi bcas kyis sna drangs nas bskul ba dang / ma zad 7bla chung tshul khrims bstan 'dzin gyis dad 'dun mos pa chen pos yang nas yang du bskur ba dang / rang slob dpal sdis dang dkon mchog a shag bstan mchog sogs dad sbyin res 'gas bskyal ba la brten nas/ stang chen dmu tsha gyer med kyi bka' yi pho nya/ sprul sku blo ldan snying po'i rjes 'breng*/ gsang 'dus mngon byon 'gro mgon tshe dbang rig 'dzin gyi snying bu tshe dbang bde chen snying po'am/ gsang ba'i ming ni g.yung drung thogs med rtsal lam/ ma mchog srid pa'i rgyal mos ma gcig bu gdung gi tshul du ming ni/ d+hu na tsI ta hri ho zhes pa des/ shar grol smin gling du dkar chags (chag)yi ger btab pa'o/ dge des sags rgyas g.yung drung bon gyi bstan pa phyogs bcur rgyas shing 'dzam gling yongs la khyab pa'i rgyur gyur cig/