Catalog entry rKTs-B1974
དཔལ་གསང་བདག་གསང་བ་འདུས་པའི་ནང་སྒྲུབ་གབ་པ་དགུ་སྐོར་གྱི་གཞུང
dpal gsang bdag gsang ba 'dus pa'i nang sgrub gab pa dgu skor gyi gzhung




Bkt13.3

དཔལ་གསང་བདག་གསང་བ་འདུས་པའི་ནང་སྒྲུབ་གབ་པ་དགུ་སྐོར་གྱི་གཞུང
dpal gsang bdag gsang ba 'dus pa'i nang sgrub gab pa dgu skor gyi gzhung


Location
set MW30498: volume dpal gsang 'dus - folios 1a1-56a3

Colophon
ཅེས་གསས་མཁར་གསང་བ་སྒོ་དགུའི་བདག་ཉིད། སྡེ་བརྒྱད་ཟིལ་གྱིས་གནོན་པའི་ལྷ་མཆོག་རྒྱལ་བསེན་མ་ལུས་འདུལ་བའི་གཉེན་པོ། བྱད་དང་རྦོད་གཏོང་ཟློག་པའི་རྒྱལ་པོ། མི་མཐུན་རྒུད་ཚོགས་ཞི་བའི་ཁྲོ་རྒྱལ། དཔལ་གསང་བདག་གསང་བ་འདུས་པའི་སྒྲུབ་ཐབས་སྒྲུབ་པའི་ལས་ཚོགས་བསམ་གྱིས་མི་ཁྱབ་པའི་ནང་ནས། ནང་སྒྲུབ་གབ་པ་དགུ་སྐོར་འདི་ཉིད་ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བ་གསང་ཆེན་རིག་པ་འཛིན་པའི་གྲུབ་ཐོབ། དུས་ངན་བསྐལ་ཁུག་གསོ་བའི་རྣལ་འབྱོར། ལྟ་བ་ཡང་རྩེ་ཕྱིན་པའི་རྟོགས་ལྡན། སྤྲུལ་པའི་གཏེར་ཆེན་གཤེན་ཆེན་ཀླུ་དགའ་དེ་ཉིད་ཀྱི་རོལ་གར་སྦས་པའི་ཚུལ་འཆང་འདུ་ཤེས་སུམ་ལྡན་རིམ་གཉིས་གྱི་རྣལ་འབྱོར་ཀུན་དགའ་དབང་ལྡན་གྱི་སྙན་རྒྱུད་དྲི་མ་མེད་པ་ཁྱུང་ཆེན་གཙུག་གི་ནོར་བུ་ལྟ་བུའི་མན་ངག་གཅིག་ཆོད་ཀྱི་གདམས་པ་དེ་ཉིད། དུས་དང་རྐྱེན་གྱིས་སྐབས་སུ་འཕྲོ་ལུས་རུང་། ཕྱིས་སུ་ལུང་རྟོགས་བོན་གྱིས་ཕྱུག་ཅིང་རིག་གནས་ལྔ་ལ་མ་རྨོངས་ཤིང་མཁས་པའི་ནོར་ལ་དབང་པའི་དྲང་སྲོང་ནམ་མཁའ་ཚུལ་ཁྲིམས་ཀྱིས་རབ་ཏུ་གུས་པའི་གསུང་ཤོག་ཡང་ཡང་འབྱོར་བ་དང་། མ་ཟད་སྐྱེ་བ་སྔོན་ནས་ཐ་དང་དམ་ཚིག་འབྲེལ་བའི་རིགས་མཆོག་སྟག་བཙུན་དབང་འདུས་ཀྱིས་དད་མོས་ལྷ་རྫས་དང་བཅས་ཏེ་བསྐུལ་བ་དང་། དགོས་སུ་རང་རང་གི་ལྷ་སྲུང་གིས་གནང་བ་ཐོབ་པ་དང*། ཡང་དགོས་དམ་ཅན་གཟའ་བདུད་ཆེན་པོས་དགྱེས་ཚུལ་ཡང་ཡང་མཛད་པ་ལ་བརྟེན་ནས། དེང་སང་སྙིགས་དུས་ཀྱི་གདག་བྱར་གདུང་རྒྱུད་རྒྱལ་པོ་དྲུག་གི་ནང་ནས་རྒོད་རྗེ་རྒྱ་བོན་རིགས་སུ་གྲོལ་བའི་བསླབ་གསུམ་ལུང་རྟོགས་ཀྱི་བོན་ལ་བློ་ཁ་ཕྱོགས་པའི་ཚེ་དབང་བདེ་ཆེན་སྙིང་པོའམ། གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་བདག་གིས། བོན་གྱི་འདུས་གནས་ཆེན་པོ་དཔལ་ལྡན་ནོར་བུ་གླིང་དུ། ཤིང་གླང་ལོ་ཡི་ཟླ་བ་ལྔ་པའི་ཚེས་ལ་གྲུབ་པར་བགྱིས་པའོ།།
ces gsas mkhar gsang ba sgo dgu'i bdag nyid/ sde brgyad zil gyis gnon pa'i lha mchog rgyal bsen ma lus 'dul ba'i gnyen po/ byad dang rbod gtong zlog pa'i rgyal po/ mi mthun rgud tshogs zhi ba'i khro rgyal/ dpal gsang bdag gsang ba 'dus pa'i sgrub thabs sgrub pa'i las tshogs bsam gyis mi khyab pa'i nang nas/ nang sgrub gab pa dgu skor 'di nyid sa steng gi skyes bu mtshan brjod par dka' ba gsang chen rig pa 'dzin pa'i grub thob/ dus ngan bskal khug gso ba'i rnal 'byor/ lta ba yang rtse phyin pa'i rtogs ldan/ sprul pa'i gter chen gshen chen klu dga' de nyid kyi rol gar sbas pa'i tshul 'chang 'du shes sum ldan rim gnyis gyi rnal 'byor kun dga' dbang ldan gyi snyan rgyud dri ma med pa khyung chen gtsug gi nor bu lta bu'i man ngag gcig chod kyi gdams pa de nyid/ dus dang rkyen gyis skabs su 'phro lus rung / phyis su lung rtogs bon gyis phyug cing rig gnas lnga la ma rmongs shing mkhas pa'i nor la dbang pa'i drang srong nam mkha' tshul khrims kyis rab tu gus pa'i gsung shog yang yang 'byor ba dang / ma zad skye ba sngon nas tha dang dam tshig 'brel ba'i rigs mchog stag btsun dbang 'dus kyis dad mos lha rdzas dang bcas te bskul ba dang / dgos su rang rang gi lha srung gis gnang ba thob pa dang*/ yang dgos dam can gza' bdud chen pos dgyes tshul yang yang mdzad pa la brten nas/ deng sang snyigs dus kyi gdag byar gdung rgyud rgyal po drug gi nang nas rgod rje rgya bon rigs su grol ba'i bslab gsum lung rtogs kyi bon la blo kha phyogs pa'i tshe dbang bde chen snying po'am/ g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa bdag gis/ bon gyi 'dus gnas chen po dpal ldan nor bu gling du/ shing glang lo yi zla ba lnga pa'i tshes la grub par bgyis pa'o//

Bkt181.3

དཔལ་གསང་བདག་གསང་བ་འདུས་པའི་ནང་སྒྲུབ་གབ་པ་དགུ་བསྐོར་གྱི་གཞུང
dpal gsang bdag gsang ba 'dus pa'i nang sgrub gab pa dgu bskor gyi gzhung


Location
set MW30498: volume gsang 'dus sgrub pa - folios 1a1-56a4

Colophon
ཅེས་གསས་མཁར་གསང་བ་སྒོ་དགུའི་བདག་ཉིད། སྡེ་བརྒྱད་ཟིལ་གྱིས་གནོན་པའི་ལྷ་མཆོག། རྒྱལ་བསེན་མ་ལུས་འདུལ་བའི་གཉེན་པོ། བྱད་དང་རྦོད་གཏོང་ཟློག་པའི་རྒྱལ་པོ། མི་མཐུན་རྒུད་ཚོགས་ཞི་བའི་ཁྲོ་རྒྱལ། དཔལ་གསང་བདག་གསང་བ་འདུས་པའི་སྒྲུབ་ཐབས་སྒྲུབ་པའི་ལས་ཚོགས་བསམ་གྱིས་མི་ཁྱབ་པའི་ནང་ནས། ནང་སྒྲུབ་གབ་པ་དགུ་སྐོར་འདི་ཉིད་ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བ་7གསང་ཆེན་རིག་པ་འཛིན་པའི་གྲུབ་ཐོབ། དུས་ངན་བསྐལ་ཁུག་གསོ་བའི་རྣལ་འབྱོར། ལྟ་བ་ཡང་རྩེར་ཕྱིན་པའི་རྟོགས་ལྡན། སྤྲུལ་པའི་གཏེར་ཆེན་གཤེན་ཆེན་ཀླུ་དགའ་བ་དེ་ཉིད་ཀྱི་གར་རོལ་སྦས་པའི་ཚུལ་འཆང་འདུ་ཤེས་སུམ་ལྡན་རིམ་གཉིས་ཀྱི་རྣལ་འབྱོར་ཀུན་དགའ་དབང་ལྡན་གྱི་སྙན་རྒྱུད་དྲི་མ་མེད་པ་ཁྱུང་ཆེན་གཙུག་གི་ནོར་བུ་ལྟ་བུའི་མན་ངག་གཅིག་ཆོད་ཀྱི་གདམས་པ་དེ་ཉིད། དུས་དང་རྐྱེན་གྱིས་དབང་བསྒྱར་སྐབས་སུ་འཕྲོ་ལུས་རུང་། ཕྱིས་སུ་ལུང་རྟོགས་བོན་གྱིས་ཕྱུག་ཅིང་རིག་པའི་གནས་ལྔ་ལ་མི་རྨོངས་ཤིང་མཁས་པའི་ནོའྀ་ལ་དབང་པའི་དྲང་སྲོང་ནམ་མཁའ་ཚུལ་ཁྲིམས་ཀྱིས་རབ་ཏུ་གུས་པའི་གསུང་ཤོག་ཡང་ཡང་འབྱོར་བ་དང་། མ་ཟད་སྐྱེ་བ་སྔོན་ནས་ཐ་དང་དམ་ཚིག་འབྲེལ་བའི་རིགས་མཆོག་སྟག་བཙུན་དབང་འདུས་ཀྱིས་དད་མོས་ལྷ་རྫས་དང་བཅས་ཏེ་བསྐུལ་བ་དང་། དགོས་སུ་རང་རང་གིས་ལྷ་སྲུང་གི་གནང་བ་ཐོབ་པ་དང་། ཡང་དགོས་དམ་ཅན་གཟའ་བདུད་ཆེན་པོ་དགྱེས་ཚུལ་ཡང་ཡང་མཛད་པ་ལ་བརྟེན་ནས། དེང་སང་སྙིགས་མའི་དུས་ཀྱི་གདག་བྱར་གདུང་རྒྱུད་རྒྱལ་པོ་དྲུག་གི་ནང་ནས་རྒོད་རྗེ་རྒྱ་བོན་རིགས་སུ་གྲོལ་བའི་བསླབ་གསུམ་ལུང་རྟོགས་ཀྱི་བོན་ལ་བློ་ཁ་ཕྱོགས་པའི་ཚེ་དབང་བདེ་ཆེན་སྙིང་པོའམ། གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་བདག་གིས། བོན་གྱི་འདུས་གནས་ཆེན་པོ་དཔལ་ལྡན་ནོར་བུ་གླིང་དུ། ཤིང་གླང་ལོ་ཡི་ཟླ་བ་ལྔ་པའི་ཚེས་ལ་གྲུབ་པར་བགྱིས་པའོ།།
ces gsas mkhar gsang ba sgo dgu'i bdag nyid/ sde brgyad zil gyis gnon pa'i lha mchog/ rgyal bsen ma lus 'dul ba'i gnyen po/ byad dang rbod gtong zlog pa'i rgyal po/ mi mthun rgud tshogs zhi ba'i khro rgyal/ dpal gsang bdag gsang ba 'dus pa'i sgrub thabs sgrub pa'i las tshogs bsam gyis mi khyab pa'i nang nas/ nang sgrub gab pa dgu skor 'di nyid sa steng gi skyes bu mtshan brjod par dka' ba 7gsang chen rig pa 'dzin pa'i grub thob/ dus ngan bskal khug gso ba'i rnal 'byor/ lta ba yang rtser phyin pa'i rtogs ldan/ sprul pa'i gter chen gshen chen klu dga' ba de nyid kyi gar rol sbas pa'i tshul 'chang 'du shes sum ldan rim gnyis kyi rnal 'byor kun dga' dbang ldan gyi snyan rgyud dri ma med pa khyung chen gtsug gi nor bu lta bu'i man ngag gcig chod kyi gdams pa de nyid/ dus dang rkyen gyis dbang bsgyar skabs su 'phro lus rung / phyis su lung rtogs bon gyis phyug cing rig pa'i gnas lnga la mi rmongs shing mkhas pa'i no'-i la dbang pa'i drang srong nam mkha' tshul khrims kyis rab tu gus pa'i gsung shog yang yang 'byor ba dang / ma zad skye ba sngon nas tha dang dam tshig 'brel ba'i rigs mchog stag btsun dbang 'dus kyis dad mos lha rdzas dang bcas te bskul ba dang / dgos su rang rang gis lha srung gi gnang ba thob pa dang / yang dgos dam can gza' bdud chen po dgyes tshul yang yang mdzad pa la brten nas/ deng sang snyigs ma'i dus kyi gdag byar gdung rgyud rgyal po drug gi nang nas rgod rje rgya bon rigs su grol ba'i bslab gsum lung rtogs kyi bon la blo kha phyogs pa'i tshe dbang bde chen snying po'am/ g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa bdag gis/ bon gyi 'dus gnas chen po dpal ldan nor bu gling du/ shing glang lo yi zla ba lnga pa'i tshes la grub par bgyis pa'o//


Additional miscellaneous Collections

Mongolian Canon


source rKTs &