Catalog entry rKTs-B1973
གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་ཕྱི་སྒྲུབ་སྙིང་གི་ཐིག་ལེ
gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i phyi sgrub snying gi thig le




Bkt13.2

གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་ཕྱི་སྒྲུབ་སྙིང་གི་ཐིག་ལེ
gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i phyi sgrub snying gi thig le


Location
set MW30498: volume dpal gsang 'dus - folios 1a1-37a4

Colophon
ཅེས་པའི་གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་ཕྱི་སྒྲབ་སྙིང་གི་ཐིག་ལེ་མན་ངག་སྨར་བྱང་འདི་ཡང་། ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི། གསང་ཆེན་རིག་པ་འཛིན་པའི་གྲུབ་ཐོབ། དུས་ངན་བསྐལ་ཁུག་གསོ་བའི་རྣལ་འབྱོར། ལྟ་བ་ཡང་རྩེ་ཕྱིན་པའི་རྟོགས་ལྡན། སྤྲུལ་པའི་གཏེར་གཤེན་ཆེན་ཀླུ་དགའ་བ་དེ་ཉིད་ཀྱི་གར་རོལ། སྦས་པའི་ཚུལ་འཆང་ཀུན་དགའ་དབང་ལྡན་དེ་ཉིད་ཀྱི་བོན་སྐལ་འདི་ཡང་། དུས་དང་རྐྱེན་གྱིས་འཕྲོ་ལུས་སུ་སོང་བས། ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབ་པའི་ཁོ་བོ་བདག་ཉིད་གསང་བའི་ཞིང་དང་ཞིང་ཁམས་བསྒྲོད་ནས་ལྷ་མཆོག་རིག་འཛིན་ཆེན་པོའི་མངོན་ཞལ་མཇལ་སྐབས། སྔོན་གྱི་འཕྲོ་ལུས་ཀྱི་གདམས་པ་ཞུས་པས། བདག་ལ་གསང་བའི་གདམས་པ་གནང་ཞིང་མ་སྤེལ་སྙིང་གི་དཀྱིལ་དུ་སྦས་ནས་ཡོད་སྐབས། གངས་ཅན་བསྟན་པའི་སྒྲོན་མེ་དཔལ་སྙ་ཆེན་མཆོག་གི་གར་རོལ། ཀུན་མཁྱེན་སངས་རྒྱས་བསྟན་འཛིན་གྲགས་པའི་རྒྱལ་ཚབ། མཁས་པ་རིན་ཆེན་བློ་གསལ་རིགས་བདག་འཆང་བའི་7སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་དང་ཉི་མ་ལྷུན་གྲུབ་སྐུ་མཆེད་ཟུང་ནས་རྟེན་འབྲེལ་དར་དཀར་དྲི་མེད་ཀྱིས་སྣ་དྲངས་ནས་བཀའ་གསུང་བདེ་ཆེན་སྤྱི་བོའི་གཙུག་ཏུ་ཕེབས་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་ཞིང་གནས་ལྔ་བོན་གྱིས་ཕྱུག་པའི་བཀའ་སློབ། བརྩེ་གདུང་གཅིག་ཏུ་འདྲེས་པའི་གྲོགས་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། བདེར་གཤེགས་ཐུགས་རྒྱུད་བསྐུལ་བའི་དྲི་བཟང་། རྟེན་འབྲེལ་ཕུན་སུམ་ཚོགས་པའི་གླེགས་ཐག་ངོ་མཚར་མིག་གི་དཔལ་གཏེར་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་དང་། རིག་པ་འཛིན་པའི་རྣལ་འབྱོར་དེ་ཉིད་ཀྱི་ཉེ་གནས་མོས་པ་གཏིང་ནས་སྐྱེས་པའི་བཙུན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱ་སིལ་གཤང་ཆུང་དང་རིན་ཆེན་གཉིས་པའི་འཁོར་ལོ་ཕར་ཕྱིན་ཐེག་པའི་གྲངས་ལྡན་དང་དར་དཀར་གྱིས་སྣ་དྲངས་ཏེ་བསྐུལ་བ་ལ་བརྟེན། སྐབས་སུ་བབ་པའི་ཁོ་བོ་ཚེ་དབང་བླ་མའི་རྗེས་འབྲེང་7ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་དེས། དབལ་གྱི་ཕུར་པ་ནག་པོའི་བྱིན་གྱིས་བརླབས་པའི་གནས་ཀྱི་མདུན་ཞོལ། བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་དཀར་ཆག་ཡི་གེར་བྲིས་པའོ། དགེ་དེས་འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག།
ces pa'i gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i phyi sgrab snying gi thig le man ngag smar byang 'di yang / sa steng gi skyes bu mtshan brjod par dka' ba'i/ gsang chen rig pa 'dzin pa'i grub thob/ dus ngan bskal khug gso ba'i rnal 'byor/ lta ba yang rtse phyin pa'i rtogs ldan/ sprul pa'i gter gshen chen klu dga' ba de nyid kyi gar rol/ sbas pa'i tshul 'chang kun dga' dbang ldan de nyid kyi bon skal 'di yang / dus dang rkyen gyis 'phro lus su song bas/ phyis su rten 'brel skabs su bab pa'i kho bo bdag nyid gsang ba'i zhing dang zhing khams bsgrod nas lha mchog rig 'dzin chen po'i mngon zhal mjal skabs/ sngon gyi 'phro lus kyi gdams pa zhus pas/ bdag la gsang ba'i gdams pa gnang zhing ma spel snying gi dkyil du sbas nas yod skabs/ gangs can bstan pa'i sgron me dpal snya chen mchog gi gar rol/ kun mkhyen sangs rgyas bstan 'dzin grags pa'i rgyal tshab/ mkhas pa rin chen blo gsal rigs bdag 'chang ba'i 7spyang 'phags rin po che mnyam med tshul khrims dbang grags dang nyi ma lhun grub sku mched zung nas rten 'brel dar dkar dri med kyis sna drangs nas bka' gsung bde chen spyi bo'i gtsug tu phebs pa dang / ma zad mkhas pa'i nor la dbang zhing gnas lnga bon gyis phyug pa'i bka' slob/ brtse gdung gcig tu 'dres pa'i grogs po tshul khrims blo gros kyis/ bder gshegs thugs rgyud bskul ba'i dri bzang / rten 'brel phun sum tshogs pa'i glegs thag ngo mtshar mig gi dpal gter lha rdzas dar dkar gyis sna drangs nas bskul ba dang / rig pa 'dzin pa'i rnal 'byor de nyid kyi nye gnas mos pa gting nas skyes pa'i btsun pa bstan 'dzin phun tshogs kyis rgya sil gshang chung dang rin chen gnyis pa'i 'khor lo phar phyin theg pa'i grangs ldan dang dar dkar gyis sna drangs te bskul ba la brten/ skabs su bab pa'i kho bo tshe dbang bla ma'i rjes 'breng 7tshe dbang bde chen snying po'am/ gsang ba'i ming ni g.yung drung thogs med rtsal du 'bod pa'i rgyal khams kyi khol po ba des/ dbal gyi phur pa nag po'i byin gyis brlabs pa'i gnas kyi mdun zhol/ bon gyi 'dus sde chen po dpal ldan nor bu gling gi ri khrod kun bzang bde chen pho brang du dkar chag yi ger bris pa'o/ dge des 'gro kun sangs rgyas thob pa'i rgyur gyur cig/

Bkt181.2

གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་ཕྱི་སྒྲུབ་སྙིང་གི་ཐིག་ལེ
gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i phyi sgrub snying gi thig le


Location
set MW30498: volume gsang 'dus sgrub pa - folios 1a1-37a4

Colophon
ཅེས་གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་ཕྱི་སྒྲབ་སྙིང་གི་ཐིག་ལེ་མན་ངག་སྨར་བྱང་འདི་ཡང་། ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི། གསང་ཆེན་རིག་པ་འཛིན་པའི་གྲུབ་ཐོབ། དུས་ངན་བསྐལ་ཁུག་གསོ་བའི་རྣལ་འབྱོར། ལྟ་བ་ཡང་རྩེར་ཕྱིན་པའི་རྟོགས་ལྡན། སྤྲུལ་པའི་གཏེར་ཆེན་གཤེན་ཆེན་ཀླུ་དགའ་བ་དེ་ཉིད་ཀྱི་གར་རོལ། སྦས་པའི་ཚུལ་འཆང་ཀུན་དགའ་དབང་ལྡན་དེ་ཉིད་ཀྱི་བོན་སྐལ་འདི་ཡང་། དུས་དང་རྐྱེན་གྱིས་འཕྲོ་ལུས་སོང་བས། ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབ་པའི་ཁོ་བོ་བདག་ཉིད་གསང་བའི་ཞིང་དང་ཞིང་ཁམས་བསྒོད་ནས་ལྷ་མཆོག་རིག་འཛིན་ཆེན་པོའི་མངོན་ཞལ་མཇལ་སྐབས། སྔོན་གྱི་འཕྲོ་ལུས་ཀྱི་གདམས་པ་ཞུས་པས། བདག་ལ་གསང་བའི་གདམས་པ་གནང་ཞིང་མ་སྤེལ་སྙིང་གི་དཀྱིལ་དུ་སྦས་ནས་ཡོད་སྐབས། གངས་ཅན་བསྟན་པའི་སྒྲོན་མེ་དཔལ་སྙ་ཆེན་མཆོག་གི་གར་རོལ་ཀུན་མཁྱེན་སངས་རྒྱས་བསྟན་འཛིན་གྲགས་པའི་རྒྱལ་ཚབ། མཁས་པ་རིན་ཆེན་བློ་གསལ་རིགས་བདག་འཆང་བའི་7སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་དང་ཉི་མ་ལྷུན་གྲུབ་སྐུ་མཆེད་ཟུང་ནས་རྟེན་འབྲེལ་དར་དཀར་དྲི་མེད་ཀྱིས་སྣ་དྲངས་བཀའ་སློབ། ནས་བཀའ་གསུང་བདེ་ཆེན་སྤྱི་བོའི་གཙུག་ཏུ་ཕབ་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་ཞིང་གནས་ལྔ་བོན་གྱིས་ཕྱུག་པའི་བརྩེ་གདུང་གཅིག་ཏུ་འདྲེས་པའི་གྲོགས་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། བདེར་གཤེགས་ཐུགས་རྒྱུད་བསྐུལ་བའི་དྲི་བཟང་། རྟེན་འབྲེལ་ཕུན་སུམ་ཚོགས་པའི་གླེགས་ཐག། ངོ་མཚར་མིག་གི་དཔལ་གཏེར་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་དང། རིག་པ་འཛིན་པའི་རྣལ་འབྱོར་དེ་ཉིད་ཀྱི་ཉེ་གནས་མོས་པ་གཏིང་ནས་སྐྱེས་པའི་བཙུན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱ་སིལ་གཤང་ཆུང་དང་རིན་ཆེན་གཉིས་པའི་འཁོར་ལོ་ཕར་ཕྱིན་ཐེག་པའི་གྲངས་ལྡན་དང་དར་དཀར་གྱིས་སྣ་དྲངས་ཏེ་བསྐུལ་བ་ལ་བརྟེན། སྐབས་སུ་བབ་པའི་ཁོ་བོ་ཚེ་དབང་བླ་མའི་རྗེས་འབྲེང་7ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་7གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་དེས། དབལ་གྱི་ཕུར་པ་ནག་པོས་བྱིན་གྱིས་རླབས་པའི་གནས་གྱི་མདུན་ཞོལ། བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་དཀར་ཆག་ཡི་གེར་བྲིས་པའོ།།
ces gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i phyi sgrab snying gi thig le man ngag smar byang 'di yang / sa steng gi skyes bu mtshan brjod par dka' ba'i/ gsang chen rig pa 'dzin pa'i grub thob/ dus ngan bskal khug gso ba'i rnal 'byor/ lta ba yang rtser phyin pa'i rtogs ldan/ sprul pa'i gter chen gshen chen klu dga' ba de nyid kyi gar rol/ sbas pa'i tshul 'chang kun dga' dbang ldan de nyid kyi bon skal 'di yang / dus dang rkyen gyis 'phro lus song bas/ phyis su rten 'brel skabs su bab pa'i kho bo bdag nyid gsang ba'i zhing dang zhing khams bsgod nas lha mchog rig 'dzin chen po'i mngon zhal mjal skabs/ sngon gyi 'phro lus kyi gdams pa zhus pas/ bdag la gsang ba'i gdams pa gnang zhing ma spel snying gi dkyil du sbas nas yod skabs/ gangs can bstan pa'i sgron me dpal snya chen mchog gi gar rol kun mkhyen sangs rgyas bstan 'dzin grags pa'i rgyal tshab/ mkhas pa rin chen blo gsal rigs bdag 'chang ba'i 7spyang 'phags rin po che mnyam med tshul khrims dbang grags dang nyi ma lhun grub sku mched zung nas rten 'brel dar dkar dri med kyis sna drangs bka' slob/ nas bka' gsung bde chen spyi bo'i gtsug tu phab pa dang / ma zad mkhas pa'i nor la dbang zhing gnas lnga bon gyis phyug pa'i brtse gdung gcig tu 'dres pa'i grogs po tshul khrims blo gros kyis/ bder gshegs thugs rgyud bskul ba'i dri bzang / rten 'brel phun sum tshogs pa'i glegs thag/ ngo mtshar mig gi dpal gter lha rdzas dar dkar gyis sna drangs nas bskul ba dang/ rig pa 'dzin pa'i rnal 'byor de nyid kyi nye gnas mos pa gting nas skyes pa'i btsun pa bstan 'dzin phun tshogs kyis rgya sil gshang chung dang rin chen gnyis pa'i 'khor lo phar phyin theg pa'i grangs ldan dang dar dkar gyis sna drangs te bskul ba la brten/ skabs su bab pa'i kho bo tshe dbang bla ma'i rjes 'breng 7tshe dbang bde chen snying po'am/ gsang ba'i ming ni 7g.yung drung thogs med rtsal du 'bod pa'i rgyal khams kyi khol po ba des/ dbal gyi phur pa nag pos byin gyis rlabs pa'i gnas gyi mdun zhol/ bon gyi 'dus sde chen po dpal ldan nor bu gling gi ri khrod kun bzang bde chen pho brang du dkar chag yi ger bris pa'o//


Additional miscellaneous Collections

Mongolian Canon


source rKTs &