Catalog entry rKTs-B1966
གསང་སྔགས་མ་རྒྱུད་ཀྱི་ཟབ་ལམ་དབང་གི་ལས་ཚོགས་ཟབ་ཡངས་ཆུ་གཏེར་ནོར་བུ་དབང་གི་གཏེར་ཆེན་གྱི་བུམ་བཟང་མེ་ཏོག་རྒྱན་གྱི་ཡིད་ཕྲེང
gsang sngags ma rgyud kyi zab lam dbang gi las tshogs zab yangs chu gter nor bu dbang gi gter chen gyi bum bzang me tog rgyan gyi yid phreng




Bkt12.61

གསང་སྔགས་མ་རྒྱུད་ཀྱི་ཟབ་ལམ་དབང་གི་ལས་ཚོགས་ཟབ་ཡངས་ཆུ་གཏེར་ནོར་བུ་དབང་གི་གཏེར་ཆེན་གྱི་བུམ་བཟང་མེ་ཏོག་རྒྱན་གྱི་ཡིད་ཕྲེང
gsang sngags ma rgyud kyi zab lam dbang gi las tshogs zab yangs chu gter nor bu dbang gi gter chen gyi bum bzang me tog rgyan gyi yid phreng


Location
set MW30498: volume ma rgyud gsang mchog mthar thug - folios 1a1-104a2

Colophon
དེ་ལྟར་གསང་སྔགས་གསང་ཆེན་མཐར་ཐུག་པ། གསང་སྔགས་མ་རྒྱད་རྒྱལ་བ་རྒྱ་མཚོའི་དབང་མཆོག་ཤིན་ཏུ་ཟབ་རྒྱས་པ་གཞུང་འགྲེལ་མདོར་བསྡུས་པའི་བཤད་བྱང་ཐེམ་པ་ལས་མི་སྣང་བས་རྒྱུད་གཞུང་ཕྲིན་ལས་དེ་ཁོ་ན་ཉིད་ཚིག་གསལ་ལ་དོན་མི་འཁྲུག་པ་བདེ་བའི་མན་ངག་ངེས་པར་རྟོགས་པ་ཤིན་ཏུ་བདེ་བ། ཟབ་ཡང་ཆུ་གཏེར་ནོར་བུ་དབང་གི་གཏེར་ཆེན་གྱི་བུམ་བཟང་མེ་ཏོག་རྒྱན་གྱི་གཏེར་ཆེན་ཡིག་ཕྲེང་ཞེས་བྱ་བ་གཞུང་ལུགས་ཕལ་མོ་ཆེ་ལ་ངེས་པའི་ཤེས་རབ་ཡོངས་སུ་རྒྱས་ཤིང*། རང་གཞུང་གི་དཀྱིལ་འཁོར་སྟོང་དང་དྲུག་བརྒྱ་ལ་ངེས་པའི་སྣང་བ་ཐོབ་ཅིང་དུས་འདིར་སྔོན་སྦྱངས་ཀྱི་མཐུ་ལ་ཟབ་ལམ་རྒྱ་ཆེ་བའི་མཆོག་མ་རྒྱུད་རྒྱལ་བ་རྒྱ་མཚོའི་གཞུང་ལ་ངེས་པའི་ཤེས་རབ་བཟང་པོའི་སྤྱོད་ཡུལ་དུ་རྒྱ་ཆེ་བར་གྱུར་ཅིང་སྙིང་པོ་བསྡུས་པའི་ཟབ་ལམ་ལ་ངེས་པའི་དོན་དམ་བློའི་ཆུད་འཛིན་བདེན་པར་ངེས་པའི་གོ་རྟོགས)་དང་པོར་ངོ་བོ་ཚུལ་བཞིན་དུ་རྟོགས་པའི་དབང་པོ་དམུ་རྒྱལ་ཉི་མ་རྒྱལ་མཚན་ཞེས་བྱ་བས་ལེགས་པར་བརྩམས་ཏེ། འགྲོ་ལ་ཕན་པའི་བསམ་སྦྱོར་གྱི་ཡང་དག་པར་གྲུབ་པར་བགྱིས་པ་ཡིན་ནོ། སྐལ་པ་དང་ལྡན་པ་དམ་ཚིག་ལྷུར་ལེན་པ་གཡུང་དྲུང་གི་བོན་གསང་སྔགས་ཟབ་མོ་ལ་སྤྱོད་པ་རྣམས་ལ་རྟོགས་གྲོལ་མྱང་འདས་ཡེ་ཤེས་དང་། ཐིག་ལེ་ལ་ངེས་པར་རྟོགས་པའི་ཟབ་ལམ་ཁོང་དུ་ཆུད་པར་གྱུར་ཅིག་ཤིང་མོ་བྱའི་ལོ་ཟླ་བ་གཉིས་པའི་ཆོ་འཕྲུལ་ཆེན་པོ་ཟླ་བའི་ཚེས་བཅུ་དྲུག་ཉིན་པར་དང་ར་གཡུ་བུན་གྱི་མཚོ་འགྲམ་རྟ་སྒོ་གངས་ཆེན་གྱི་ལྷ་ཞལ་མཐོང་སར་རི་ཁྲོད་ཆེན་པོ་བཞུགས་པའི་མདུན་ལ། ཤར་ཕྱོགས་སུ་གྱུར་པའི་ས་གནས་འགྲོ་དོན་དཔལ་གྱི་ཉིན་ཞེས་བྱ་བར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།།
de ltar gsang sngags gsang chen mthar thug pa/ gsang sngags ma rgyad rgyal ba rgya mtsho'i dbang mchog shin tu zab rgyas pa gzhung 'grel mdor bsdus pa'i bshad byang them pa las mi snang bas rgyud gzhung phrin las de kho na nyid tshig gsal la don mi 'khrug pa bde ba'i man ngag nges par rtogs pa shin tu bde ba/ zab yang chu gter nor bu dbang gi gter chen gyi bum bzang me tog rgyan gyi gter chen yig phreng zhes bya ba gzhung lugs phal mo che la nges pa'i shes rab yongs su rgyas shing*/ rang gzhung gi dkyil 'khor stong dang drug brgya la nges pa'i snang ba thob cing dus 'dir sngon sbyangs kyi mthu la zab lam rgya che ba'i mchog ma rgyud rgyal ba rgya mtsho'i gzhung la nges pa'i shes rab bzang po'i spyod yul du rgya che bar gyur cing snying po bsdus pa'i zab lam la nges pa'i don dam blo'i chud 'dzin bden par nges pa'i go rtogs) dang por ngo bo tshul bzhin du rtogs pa'i dbang po dmu rgyal nyi ma rgyal mtshan zhes bya bas legs par brtsams te/ 'gro la phan pa'i bsam sbyor gyi yang dag par grub par bgyis pa yin no/ skal pa dang ldan pa dam tshig lhur len pa g.yung drung gi bon gsang sngags zab mo la spyod pa rnams la rtogs grol myang 'das ye shes dang / thig le la nges par rtogs pa'i zab lam khong du chud par gyur cig shing mo bya'i lo zla ba gnyis pa'i cho 'phrul chen po zla ba'i tshes bcu drug nyin par dang ra g.yu bun gyi mtsho 'gram rta sgo gangs chen gyi lha zhal mthong sar ri khrod chen po bzhugs pa'i mdun la/ shar phyogs su gyur pa'i sa gnas 'gro don dpal gyi nyin zhes bya bar grub par bgyis pa dge legs 'phel//


Additional miscellaneous Collections

Mongolian Canon


source rKTs &