གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་མཁའ་གསང་རོལ་པའི་གཏེར་མཆོད gsang ba'i grub chen brgyad bcu'i tshogs kyi 'khor lo bskor ba'i yan lag mkha' gsang rol pa'i gter mchod
གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་མཁའ་གསང་རོལ་པའི་གཏེར་མཆོད gsang ba'i grub chen brgyad bcu'i tshogs kyi 'khor lo bskor ba'i yan lag mkha' gsang rol pa'i gter mchod Bkt
Bkt12.15
གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་མཁའ་གསང་རོལ་པའི་གཏེར་མཆོད gsang ba'i grub chen brgyad bcu'i tshogs kyi 'khor lo bskor ba'i yan lag mkha' gsang rol pa'i gter mchod
Location
set MW30498: volume ma rgyud gsang mchog mthar thug - folios 1a1-22b2
Colophon བཤད་བྱང་དེ་ལྟར་ཚོགས་ལམ་ཚོགས་བསགས་ཚོགས་ཀྱི་ལོངས་སྤྱོད་འབུལ་བར་བྱ་བའི། གྲུབ་ཐོབ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ངེས་པར་ཐོབ་པར་བྱ་བའི་ཚོགས་ཀྱི་ལས་ཚོགས་འདི་ཉིད། གསང་བའི་ལས་སྦྱོར་ཁྱད་པར་དུ་ཆེ་བ་བྱས་པ་ཡིན་ཏེ། ཡོན་ཏན་ཇི་སྙེད་པར་ཞིབ་པར་གྲུབ་ཆེན་རྣམས་ཀྱིས་(ཀྱི)་རྫུ་འཕྲུལ་གྱི་བཤད་བྱང་ལ་ལྟ་བ་གྱིས་ལ། ལྷག་པར་མ་རྒྱུད་ཀྱི་ལས་བྱང་ལས་འབྱུང་བ་བཞིན་དུ་རིག་པར་གྱིས་ལ་ཉམས་སུ་ལེན་པར་རིགས། དེ་ལྟར་གསང་སྔགས་ཟབ་དོན་རྒྱ་ཆེན་ལ། ངེས་པར་ལག་ཏུ་བླངས་པ་ཚིག་གི་གཏེར། དཔའ་བོ་ཆེན་པོ་མཆོད་པར་བྱ་བ་ནི། ཤིན་ཏུ་ཟབ་དོན་ངེས་པར་བསྟན་པ་ཡིན། རང་གཞུང་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་དང་། ཚོགས་ཀྱི་བྱ་བ་ལག་ལེན་ཁྱད་པར་ཅན། རང་གཞུང་ངེས་པར་གསལ་བ་བསྟན་པ་ནི། དམུ་རྒྱལ་གསང་བའི་བདག་པོ་སུརྱ་མིང་དེས་གསལ་བར་བཀོད་དེ་ཡི་གེ་བྲིས་པའོ། རང་གཞུང་གི་དཀྱིལ་འཁོར་ཆེན་པོ་སྟོང་དང་དྲུག་བརྒྱའི་ཅི་བཞིན་གནས་ལུགས་ཁོང་དུ་ཆུད་ཅིང་། ངེས་པར་ཤེས་རབ་ཡོངས་སུ་རྒྱས་པ་དམུ་རྒྱལ་རྣལ་འབྱོར་ལ། དགེ་བའི་བཤེས་གཉེན་བློ་གསལ་མཆོག་ཏུ་གྱུར་པ། ལྕོགས་ཚྭ་སྨོན་ལམ་རྒྱལ་མཚན་གྱིས་བསྐུལ་ངོར། གསང་མཆོག་གསང་བའི་སྒྲུབ་པ་ལ་ཤིན་ཏུ་དབེན་པར་གྱུར་པ་དེའི་ཚེ། དགེ་སྟེང་སྤེལ་ཆེན་གྱིས་མཛད་པའི་མངོན་དགའི་གནས་སྐབས་སུ་བརྩམས་པ་ལྕགས་སྦྲུལ་ཟླ་བ་བཅུ་པའི་ཚེས་10ཉིན་དགེའོ། གྲུབ་ཆེན་བརྒྱད་བཅུའི་ཚོགས་འཁོར་འཕྲིན་ལས་སོ།། bshad byang de ltar tshogs lam tshogs bsags tshogs kyi longs spyod 'bul bar bya ba'i/ grub thob rnams kyi yon tan ma lus pa nges par thob par bya ba'i tshogs kyi las tshogs 'di nyid/ gsang ba'i las sbyor khyad par du che ba byas pa yin te/ yon tan ji snyed par zhib par grub chen rnams kyis (kyi) rdzu 'phrul gyi bshad byang la lta ba gyis la/ lhag par ma rgyud kyi las byang las 'byung ba bzhin du rig par gyis la nyams su len par rigs/ de ltar gsang sngags zab don rgya chen la/ nges par lag tu blangs pa tshig gi gter/ dpa' bo chen po mchod par bya ba ni/ shin tu zab don nges par bstan pa yin/ rang gzhung grub chen brgyad bcu'i phyag mchod dang / tshogs kyi bya ba lag len khyad par can/ rang gzhung nges par gsal ba bstan pa ni/ dmu rgyal gsang ba'i bdag po sur+ya ming des gsal bar bkod de yi ge bris pa'o/ rang gzhung gi dkyil 'khor chen po stong dang drug brgya'i ci bzhin gnas lugs khong du chud cing / nges par shes rab yongs su rgyas pa dmu rgyal rnal 'byor la/ dge ba'i bshes gnyen blo gsal mchog tu gyur pa/ lcogs tshwa smon lam rgyal mtshan gyis bskul ngor/ gsang mchog gsang ba'i sgrub pa la shin tu dben par gyur pa de'i tshe/ dge steng spel chen gyis mdzad pa'i mngon dga'i gnas skabs su brtsams pa lcags sbrul zla ba bcu pa'i tshes 10nyin dge'o/ grub chen brgyad bcu'i tshogs 'khor 'phrin las so//