Catalog entry rKTs-B1902
འཇིག་བྱེད་གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས་མ་མོ་སྲིད་པ་སྤྱི་འདུལ་དབལ་མོ་ལས་ཀྱི་ཐིག་ལེའི་བསྲུང་བཟློག་བསད་པའི་འཁོར་ལོ་འབྲིང་པོ
'jig byed gshin rje gshed dmar gyi rgyud las ma mo srid pa spyi 'dul dbal mo las kyi thig le'i bsrung bzlog bsad pa'i 'khor lo 'bring po




Bkt11.62

འཇིག་བྱེད་གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས་མ་མོ་སྲིད་པ་སྤྱི་འདུལ་དབལ་མོ་ལས་ཀྱི་ཐིག་ལེའི་བསྲུང་བཟློག་བསད་པའི་འཁོར་ལོ་འབྲིང་པོ
'jig byed gshin rje gshed dmar gyi rgyud las ma mo srid pa spyi 'dul dbal mo las kyi thig le'i bsrung bzlog bsad pa'i 'khor lo 'bring po


Location
set MW30498: volume gshed dmar spyi 'dul - folios 1a1-20b1

Colophon
ཅེས་ཞི་ཁྲོ་རྫུ་འཕྲུལ་དྲ་བ་གཤེད་དམར་སྤྱི་འདུལ་གྱི་རྒྱུད་ལས་མ་མོ་སྦོད་སྟོང་དབལ་མོ་ལས་ཀྱི་ཐིག་ལེའི་མདེའུ་ཐུང*། བསྲུང་བཟློག་བསད་པའི་འཁོར་ལོ་འབྲིང་པོ་རུ་བསྐོར་བ་འདི་ནི། སྐྱེས་མཆོག་སེང་གེ་ཕས་ཀྱི་རྒོལ་བས་མི་བརྫི་བའི་བློ་གྲོས་ཀྱི་སྤོབ་པ་ཅན། བསྟན་འགྲོའི་དཔལ་ཡོན་གསང་སྔགས་གྲགས་པ་ཡེ་ཤེས་དོན་གྱི་སྙིང་པོ་ཅན་དེས། མ་མོ་སྦོད་སྟོང་གི་ལས་མཐའ་འདི་ལྟ་བུ་ཞིག་གྱིས་ཤིག་པའི་བཀའ་ཡིག་ལྷ་རེག་གློག་དམར་འོད་འཁྱུག་དང་བྱེ་རུ་ཟངས་ཡིག་རྟེན་བཅས་སྤྱི་བོར་ཅོད་པན་དུ་འབྱོར་བ་དང་། བསྟན་སྦྱིན་ནོར་བུ་མཆེད་གཉིས་ཀྱིས་ཀྱང་ཞབས་བསྟིས་ཆེས་ཆེར་གྱི་བསྐུལ་ཞིང་ཟབ་གསང་གནད་ཀྱི་རྟེན་འབྲེལ་གང་ཡང་ལེགས་ཆར་འགྲོ་བའི་ཐུགས་རྒྱུད་ཡང་ཡང་བསྐུལ་བའི་ངོར། ཐོས་ཆུང་སྒེར་བུ་རང་མཐོང་ཨམ་ཚོད་ཚོད་བཟོ་ལོང་བའི་གོམ་ཚོད་ལྟ་བུ་ལ་གཅེས་པར་འཛིན་པ་ཀུན་གྲོལ་གྲགས་པར་འབོད་པ་བདག་གིས། ཤར་རྒྱལ་མོ་རྒྱ་ཡི་རོང་ཆེན་གྱི་ནུབ་ཕྱོགས་དབང་གི་ཞིང་ཁམས། རིག་གྲོལ་གྱི་ཡོན་ཏན་གཉིས་སམ་དྲུག་དང་ལྡན་པས་མཁས་མང་རྒྱ་མཚོའི་མདུན་ས་ལྷུན་འགྲུབ་དཔག་པའི་གླིང་ཆེན་དུ། དམར་སེར་ཅན་གྱི་ལོ་ས་ག་ཟླ་བའི་ཕྱོགས་ཕྱི་མ་ལ་བརྩམས་པ། འཆི་མེད་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུ་རུ་གྱུར་ཅིག།
ces zhi khro rdzu 'phrul dra ba gshed dmar spyi 'dul gyi rgyud las ma mo sbod stong dbal mo las kyi thig le'i mde'u thung*/ bsrung bzlog bsad pa'i 'khor lo 'bring po ru bskor ba 'di ni/ skyes mchog seng ge phas kyi rgol bas mi brdzi ba'i blo gros kyi spob pa can/ bstan 'gro'i dpal yon gsang sngags grags pa ye shes don gyi snying po can des/ ma mo sbod stong gi las mtha' 'di lta bu zhig gyis shig pa'i bka' yig lha reg glog dmar 'od 'khyug dang bye ru zangs yig rten bcas spyi bor cod pan du 'byor ba dang / bstan sbyin nor bu mched gnyis kyis kyang zhabs bstis ches cher gyi bskul zhing zab gsang gnad kyi rten 'brel gang yang legs char 'gro ba'i thugs rgyud yang yang bskul ba'i ngor/ thos chung sger bu rang mthong am tshod tshod bzo long ba'i gom tshod lta bu la gces par 'dzin pa kun grol grags par 'bod pa bdag gis/ shar rgyal mo rgya yi rong chen gyi nub phyogs dbang gi zhing khams/ rig grol gyi yon tan gnyis sam drug dang ldan pas mkhas mang rgya mtsho'i mdun sa lhun 'grub dpag pa'i gling chen du/ dmar ser can gyi lo sa ga zla ba'i phyogs phyi ma la brtsams pa/ 'chi med rgyal ba'i bstan pa yun ring du gnas pa'i rgyu ru gyur cig/


Additional miscellaneous Collections

Mongolian Canon


source rKTs &