Catalog entry rKTs-B1838
འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ་རྣམ་པར་ངེས་པ་གསང་བ་མཐར་ཐུག་ཉི་ཟེར་དྲ་བ
'bras bu rdzogs sangs rgyas pa'i rgyud kyi dgongs 'grel rnam par nges pa gsang ba mthar thug nyi zer dra ba




Bkt10.27

འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་དགོངས་འགྲེལ་རྣམ་པར་ངེས་པ་གསང་བ་མཐར་ཐུག་ཉི་ཟེར་དྲ་བ
'bras bu rdzogs sangs rgyas pa'i rgyud kyi dgongs 'grel rnam par nges pa gsang ba mthar thug nyi zer dra ba


Location
set MW30498: volume ma rgyud kyi rgyud 'grel - folios 1a1-64b3

Colophon
ཅེས་པའང་འབྲས་བུའི་རྒྱུད་འདི་ཉིད་གུ་རུ་རྣོན་རྩེས་གཏེར་ལས་ཐོན་ནས་སླར་ཤིན་ཏུ་གཉན་པས་མཁའ་འགྲོ་རྒྱ་མཚོས་གཉེར་ནས་གསང་བ་ཡང་གབ་ཏུ་སོང་བ་ལ། དམུ་གཤེན་ཉི་མས་ཀྱང་དབུ་ལྡེབ་ཚལ་དེ་ལས་མ་གཟིགས་པས་དེ་ལ་ལམ་རྒྱུད་ཀྱི་འབྲས་བུ་སྦྱར་ནས་འབྲས་བུའི་རྒྱུད་ཀྱི་དགོངས་འགྲེལ་ཉི་མའི་འཁོར་ལོ་བྱ་བ་བརྩམས་ནས་སྤེལ་བར་མཛད་པ་དིང་སང་ཡང་བཞུགས་པ་ལ། རྒྱུད་འདི་ཉིད་སྤེལ་བའི་དུས་ལ་བབ་ཚེ་མཁའ་འགྲོ་མ་རྣམས་ཀྱིས་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་ཕྱག་ཏུ་སྤྲད་པ་ལྕང་སྤྲལ་བོན་དབྱིངས་མཚན་གྱིས་མདོ་གམ་སྨད་དུ་ཁྱེར་བ་ལ། བདག་ཤར་རྫའི་བྱ་བྲལ་བཀྲ་ཤིས་རྒྱལ་མཚན་གྱིས་དཔེ་ལུང་དང་བཅས་པ་ལག་ཏུ་སོན་པའི་མོད་ལ། དབལ་ཁྱུང་གཏེར་སྟོན་གསང་སྔགས་གླིང་པས་འགྲེལ་པ་མཛད་དགོས་གསུངས་པའི་རྗེས་དམུ་རྡོ་གཡུང་དྲུང་སྤུངས་རྩེའི་ཉེ་འདབས་གསང་ཆེན་རི་ཁྲོད་དུ་ཡོད་སྐབས་སུ། བློ་སྣ་ཡི་དམ་འདིས་ཕྲོག་པའི་རང་སློབ་མ་རྒྱུད་ཀྱི་རྣལ་འབྱོར་ཚུལ་ཁྲིམས་དབང་ཕྱུག་ནས་འགྲེལ་པ་མཛད་དགོས་ཀྱི་བསྐུལ་བ་བྱུང་བའི་ནུབ་མོ་རྨི་ལམ་དུ། མི་ངོ་ཕྱེད་དཀར་ཕྱེད་དམར་ཅན་ཟ་འོག་དམར་ཁྲའི་གོས་གོན་པ་ཞིག་བྱུང་ནས་ཆ་ལང་གཅིག་ལ་འབྲུག་སྟོང་གི་རི་མོ་ཡོད་པ་ཞིག་བདག་ལ་ཕུལ་རྒེ། ང་ནི་གཡུང་དྲུང་ལྷ་གཉེན་ཡིན། འདི་ནས་ལྷོ་ཕྱོགས་མ་ཎིའི་ཀེའུ་ཚང་དུ་བྱོན་དང་བདེ་མཆོག་དཀྱིལ་འཁོར་རང་བྱོན་དུ་ཡོད་ཟེར་ནས་བདག་ལ་མཚན་བསྟོད། ཕྱི་དྲི་མེད་སྙིང་པོ། ནང་འཇིགས་མེད་དབང་པོ། གསང་བ་རིག་པ་རང་ཤར་ཟེར་བའི་གསོལ་འདེབས་ལྟ་བུ་ཞིག་ཕུལ་སྣང་བྱུང་ནས་ནངས་མོ་གྲོགས་མཆེད་ཚུལ་ཁྲིམས་དབང་ཕྱུག་ལ་མདངས་རྨི་ལམ་མཚར་པོ་ཞིག་རྨིས་བྱས་པས་གང་རྨིས་ཟེར་བ་ལ་རྗེས་ནས་བཤད་ཆོག་བྱས་ནས་གསང་སྟེ། རྟེན་འབྲེལ་ལེགས་སྙམ་ནས་འགྲེལ་བ་རྩོམ་པའི་དམ་བཅས་ནས། དབུ་འཛུག་(བཙུགས་སྦེ)་སྟེ་རྩོམ་པའི་འཕྲོ་ཅུང་ཟད་ལྷག་ཡོད་སྐབས་སུ། རྗེ་འབྲུག་གི་གདུང་ལས་སོན་པའི་ཁྲོ་ཚང་སྤྲུལ་སྐུ་གཡུང་དྲུང་མཐོང་གྲོལ་ནས་བསྐུལ་བར་མཛད་པ་ལ་བརྟེན་ནས་རྩོམ་པ་མཐར་ཕྱིན་བགྱིས་པས་ཡི་གེ་པ་ནི་ཤར་རྫའི་བྱ་བྲལ་ལྷུན་གྲུབ་ཐོག་(ཐོགས)་མེད་ཀྱིས་བགྱིས་པས་བསྟན་པ་རིན་པོ་ཆེའི་རྒྱན་དུ་འགྱུར་བར་གྱུར་ཅིག་ཐ་ཚན་མུ་ཙུག་སྨར་རོ།།
ces pa'ang 'bras bu'i rgyud 'di nyid gu ru rnon rtses gter las thon nas slar shin tu gnyan pas mkha' 'gro rgya mtshos gnyer nas gsang ba yang gab tu song ba la/ dmu gshen nyi mas kyang dbu ldeb tshal de las ma gzigs pas de la lam rgyud kyi 'bras bu sbyar nas 'bras bu'i rgyud kyi dgongs 'grel nyi ma'i 'khor lo bya ba brtsams nas spel bar mdzad pa ding sang yang bzhugs pa la/ rgyud 'di nyid spel ba'i dus la bab tshe mkha' 'gro ma rnams kyis sman ri'i mkhan chen nyi ma bstan 'dzin gyi phyag tu sprad pa lcang spral bon dbyings mtshan gyis mdo gam smad du khyer ba la/ bdag shar rdza'i bya bral bkra shis rgyal mtshan gyis dpe lung dang bcas pa lag tu son pa'i mod la/ dbal khyung gter ston gsang sngags gling pas 'grel pa mdzad dgos gsungs pa'i rjes dmu rdo g.yung drung spungs rtse'i nye 'dabs gsang chen ri khrod du yod skabs su/ blo sna yi dam 'dis phrog pa'i rang slob ma rgyud kyi rnal 'byor tshul khrims dbang phyug nas 'grel pa mdzad dgos kyi bskul ba byung ba'i nub mo rmi lam du/ mi ngo phyed dkar phyed dmar can za 'og dmar khra'i gos gon pa zhig byung nas cha lang gcig la 'brug stong gi ri mo yod pa zhig bdag la phul rge/ nga ni g.yung drung lha gnyen yin/ 'di nas lho phyogs ma Ni'i ke'u tshang du byon dang bde mchog dkyil 'khor rang byon du yod zer nas bdag la mtshan bstod/ phyi dri med snying po/ nang 'jigs med dbang po/ gsang ba rig pa rang shar zer ba'i gsol 'debs lta bu zhig phul snang byung nas nangs mo grogs mched tshul khrims dbang phyug la mdangs rmi lam mtshar po zhig rmis byas pas gang rmis zer ba la rjes nas bshad chog byas nas gsang ste/ rten 'brel legs snyam nas 'grel ba rtsom pa'i dam bcas nas/ dbu 'dzug (btsugs sbe) ste rtsom pa'i 'phro cung zad lhag yod skabs su/ rje 'brug gi gdung las son pa'i khro tshang sprul sku g.yung drung mthong grol nas bskul bar mdzad pa la brten nas rtsom pa mthar phyin bgyis pas yi ge pa ni shar rdza'i bya bral lhun grub thog (thogs) med kyis bgyis pas bstan pa rin po che'i rgyan du 'gyur bar gyur cig tha tshan mu tsug smar ro//


Additional miscellaneous Collections

Mongolian Canon


source rKTs &